སང་ཉིན་དང་སང་ཉིན།

ངས་སང་ཉིན་གླེང་

ཁྱེད་ཀྱིས་ཀྱང་སང་ཉིན་གླེང་

ཁྱེད་དང་ང་གཉིས་ཀྱི་གླེང་གཞི་གཅིག་ཡིན་ན་ཡང་

མིག་ངོགས་སང་ཉིན་གྱི་ཚོན་མདངས་གཏན་ནས་མི་གཅིག

 

ངས་འབོད་ཀྱིན་པའི་སང་ཉིན་དེ་ང་ལ་བདག་ལ

ཁྱེད་ཀྱིས་གཟུང་པའི་སང་ཉིན་དེ་སང་ཉིན་དེ་ཁྱེད་ལ་དབང་

སང་ཉིན་ལ་ཇི་ལྟར་བསལ་ཡང་གཉིས་ལ་གྱར་རྒྱུ་མེད

 

སང་ཉིན་གླེང་དུས་ང་རང་གཉིས་ཀ་སྤྲོ་སོང་ལ

དགའ་སྤྲོའི་ཐལ་སྒྲ་ཡང་ཤོར་སོང་

ཐལ་སྒྲ་ཡིས་བསུས་པའི་སང་ཉིན་ལ་ངོས་གཉིས་མེད་པས

སང་ཉིན་དེས་ཐལ་སྒྲ་ཐལ་སྒྲ་ལ་མཐུད་ཐུབ་བམ

 

སང་ཉིན་ཡང་སང་ཉིན་རེད

དེའི་མཇུག་ན་སང་ཉིན་ཡོད

གནས་ལུགས་དམར་རྗེན་མ་དེས

ཁ་སང་ལ་རྔ་མ་མེད་པར་ཁ་སང་ནས་བསྟན་ཟིན་པས

ཁ་སང་འཚོལ་ནས་བཟུང་པའི་སྐབས་སྲིད་དམ

 

མགོ་སྐྲ་དཀར་གྱིས་སྨྲེང་གླུ་ཤོར་སོང་ལ

གདོང་གཉེར་མ་ཡིས་སྐྱོ་གླུ་ཡང་ཤོར་སོང་

འོན་ཀྱང་   བཙོས་ཀྱང་མ་ཚོས་པའི་གླུ་དབྱངས་དེར

ད་དུང་ཡང་གཞོན་ཤ་ལ་དོད་ལ   ལང་ཚོ་ཡང་འབར

 

གཞོན་ཤ་དེ་འཁྲུལ་སྣ ང་རེད

གླུ་དབྱངས་དེ་འཁྲུལ་རྒྱུ་རེད

 

 

༢༠༡༠  ༡༡    ༢༥  བློ་གསལ་གླིང་གྲ་ཚང་གི་རྣམ་འགྲེལ་དྭོགས་དཔྱོད་ཀྱི་བར་སེང་དུ་ཤར་མར་སྤེལ།