བོར་ཟིན་པའི་གླུ་སྐད་འདི།  

             ༡༽

གོ་ལ་འཁོར་སྟངས་དང་ཉི་འོད་འཕྲོས་སྟངས་དེས

རྙིང་སོང་རྡོ་ངོས་ཐིམ་པའི་ངོ་གདོང་ངོས

ཁ་བའི་འདབ་མ་བཞིན་འཕྱུར་བའི་གླུ་སྐད་དག

ག་ལེར་ག་ལེར    རྫ་སུལ་ན་འབུད

ག་ལེར་  ག་ལེར  རླུང་ལ་བསྐུར

      ༢༽

སྙིང་ཁ་འཛེར་མ་འཕོག་པའི་སྐར་མ་འགས

མིག་ཟླ་བ་ལ་ཕྱོགས་བཞིན་

ཡ་ང་བའི་ཚུལ་དེར་སེམས་ལ་བཅངས་ནས

མིག་ཆུའི་ཁྲོད་གླུ་སྐད་དག་ཇི་ལྟར་བསླངས་ཀྱང་

འདྲ་གཟུགས་མ་གཏོགས་ཨ་ལན་གཏན་ནས་མ་ལོན

  

བདག་མེད་ཀྱི་གླུ་སྐད་དེ

བདག་མེད་ཀྱི་གཡག་རྒན་བཞིན

བས་མཐའ་ན་   སྡོམ་ཐག་དྲུད་བཞིན་འགྲོ་སོང

    ༤༽

གླུ་སྐད་བོར་ཟིན་་པའི་ངོ་གདོང་རྣམས

ཅི་ཞིག་གི་དོན་དུ   ཅི་ཞིག་གི་སླད་དུ

གནམ་འོག་ན་འདུར་རྒྱག་བྱས་ཀྱང་

ཁོང་ཚོས་བརྒྱུས་ཟིན་པའི་ལམ་ཁ་ཡོད་ཚད

ང་དང་ཕུ་ནུ་ཚོའི་མིག་ཆུ་རེད