ཤོག་བྱ་དེ་རི་མོ་ཡིན་ནམ།

༡༽

རི་མོ་དང་རི་མོ་འདྲ་བའི་གནས་ལུགས་འོག

ང་ཡང་རི་མོ་ཡིན་ནམ

ངས་ད་བར་བརྒྱུད་མྱོང་པའི་གནམ་ས་ཡོད་ཚད

ཇི་ཙམ་སེལ་ཡང་རི་མོ་ཡིན་པས

ངས་ནམ་ཡང་ང་རང་རི་མོ་ཡིན་པར་ཤེས་སོང་

༢༽

སྐྱ་རེངས་དང་པོའི་སྐབས་སུ

ངས་རླུང་བུ་ལ་ཆ་ཞིག་བསྐུར་བས

ཤོག་བྱ་མང་པོས་རྒོལ་བ་དང་འདྲ་བའི་རྒོལ་བ་བརྩམས

རྒོལ་ཐེངས་རེ་རེ  མངོན་ལྐོག་གི་ཁྲོ་ཆགས་རེ་རེ

དེ་ནི་རི་མོ་ཡིས་དཔར་པའི་རི་མོ་རེད

དེ་ནི་རི་མོ་ལ་རི་མོ་མ་གཏོགས་མེད་པའི་དཔང་རྟགས་རེད

༣༽

རླུང་བུའི་རྒོད་སྟངས་རེ་རེ་ལ

ཤོག་བྱ་ཡི་འཕུར་སྟངས་རེ་རེ

ཤོག་བྱ་ནི་ཁ་ལོ་བ་མེད་པའི་རླངས་འཁོར་བཞིན

རི་གཟར་དང་རྦབ་རིལ་ཡོད་ཚད་ལ་གདོང་གཏད་ནས་སོང་

ཤོག་བྱ་ཤོག་བྱར་མཐོང་པའི་མིག་མང་པོས

ཤོག་བྱ་ཡི་དུས་གསུམ་མིག་ཆུས་སྐྱོར་ཡོད

༤༽

ཤོག་བྱ་དེ་རི་མོ་ཡིན་ནམ

ད་བར་ཁོ་ཡི་རྐང་རྗེས་ཡོད་ཚད

རྐང་རྗེས་ཀྱི་རི་མོ་ཡིན་པ་ནས་བཟུང་

ཤོག་བྱ་ཡང་རི་མོ་ཡིན་སོང་བས

མི་མང་པོས་ཤོག་བྱ་གླེང་དུས་

རི་མོ་གང་ཞིག་གི་གཟུགས་བརྙན་གསལ་ཡོང