གྲ་བ་ཚོ་ནི་དམག་མི་ངོ་མར་རེད་འདུག

                               ཁྱེད་ ཀྱིས་གྲ་བ་ཚོ་དམག་མི་ངོ་མར་རེད་འདུག་ཅེས་པའི་ཁ་བྱང་དེ་མཐོང་དུས་སེམས་ལ་བཟང་ ངན་དང་ཡག་སྡུག་ཅི་རིགས་ཀྱི་ཐོག་ནས་དམག་མི་ཡིན་པར་འགྲེལ་བསམ་མོད།ཁོ་བོས་འདི་ ལྟར་གླེང་པ་ནི་དེང་སང་གསར་འགྱུར་གྲགས་ཆེ་ཤོས་ཏེ།སྒ་སྐྱེ་རྒུ་མདོ་ཡི་ས་ཡོམ་ གྱི་དོན་རྐྱེན་དེ་བརྙན་འཕྲིན་ཀྱིས་མཚོན་པའི་གསར་འགྱུར་རྒྱུད་ལམ་དག་ན་མཐོང་ ཐེངས་རེ་ལ་ངུར་སྨྲིག་གི་གཟན་ཤ མ་ས་རྡུལ་གྱིས་ཁེངས་པའི་གྲ་བ་བརྒྱ་ཕྲག་མང་པོས་ས་ཡོམ་གྱི་གནོད་སྐྱོན་ཐེབས་ པའི་མི་དམངས་རྣམས་ཉེན་སྐྱོབ་ཀྱི་སླད་ཁང་ཁྱིམ་ཞིག་རོག་རྣམས་སྔོག་འདོན་དང་། གཤིན་པོ་དུར་འཇུག་བྱས་པ་སོགས་ཀྱི་རོགས་སྐྱོར་བྱས་པ་་མཐོང་གིན་འདུག

དེ་དག་མཐོང་ཐེངས་རེར་འདས་ཟིན་པ་དང་ད་ལྟའི་གནས་ཚུལ་དུ་མ་ཡི་ཐོག་ནས་གྲ་བ་རྣམས་དམག་མི་དངོས་མར་ཞིག་ཡིན་པའི་འདུ་ཤེས་སྐྱེས་འོངས་གིན་འདུག

   བོད་ སིལ་བུར་འཐོར་ཏེ་རྒྱལ་ཕྲན་དང་རྒྱལ་ཕྲན་བར་འཐབ་ཁྲུག་གི་གོང་བུ་གཅིག་སྒྲིག་ ནུས་པ་ཡོངས་སུ་ཉམས་ནས་མཐར་སོག་པོ་ཡི་དབང་འོག་ཏུ་ཤོར་ཡོད་ལ།སྐབས་དེར་ཨི་ཤེ་ ཡ་ན་དྲག་པོའི་དཔུང་འཇུག་གི་སོག་པོའི་གཉའ་གནོན་ཐུབ་མཁན་སུ་ཡང་མེད་པས་བོད་ ཀྱི་དྲག་འཐབ་ཀྱི་ཐོགནས་བོད་སྐྱོབ་ཐུབ་པའི་རེ་བ་གཏན་ནས་མེད་མོད།བོད་ཀྱི་གྲ་ བས་བསམ་བློ་ཡིས་དམག་འཁྲུག་བརྒྱབ་ནས་ བོད་དེ་སླར་རང་ཁྱིམ་རང་བདག་ཏུ་འགྱུར་ཐུབ་པ་བྱུང་འདུག།དེ་བཞིན་ཆོས་ལུགས་ འཐེན་ཁྱེར་དམངས་ཁྲོད་ལ་སླེབས་ནས་བོད་དམངས་ཁྲོད་ཆེ་བས་ཆུང་པར་མགོ་གནོན་པ་ སོགས་ཁྲིམས་དང་སྒྲིག་གཞི་གཏན་ནས་མེད་པར་འཐབ་ཁྲུག་ཁོ་ནས་དུས་འདའ་པའི་སྐབས་ སུ་གྲ་བས་སྣེ་འཁྲིད་པའི་གཞུང་ས་དགའ་ལྡན་ཕོ་བྲང་འཛུགས་ནས་འོས་མི་འོས་པའི་ ཁྲིམས་གཞི་མང་པོ་གཏན་ལ་འབེབས་ནས་ཆེ་བས་ཆུང་པའི་མ གོར་གནོན་པའི་ལུགས་སྲོལ་ཡོད་ཚད་རྩིས་མེད་དུབཏང་པ་སོགས་ཀྱི་ལོ་རབས་རྙིང་པའི་ སྐབས་ནས་བོད་ཀྱི་གྲ་བས་ལུས་ངག་ཡིད་གསུམ་གྱི་དམག་ཐེངས་མང་རྒྱག་ནས་བོད་དེ་ ཐེངས་མང་བསྐྱབས་འདུག

              ཉེ་བའི་ལོ་རབས་ལྔ་བཅུ་པའི་ནང་རྒྱ་དམག་གིས་བོད་ལ་ཐོག་མར་ བཙན་འཛུལ་བྱེད་སྐབས་སུའང་ཐབས་ཤེས་ཡོད་དགུ་བཏོན་ཏེ་ཐ་ན་དམག་མིར་ཚུན་ཆད་ཀྱང་ བཞུགས་ཏེ་རྒྱ་རྒོལ་བྱས་ཡོད། བོད་རྒྱ་འོག་ཏུ་ཤོར་རྗེས་སུ་རིག་གནས་གསར་བརྗེ་ཟེར་བ་སོགས་སློབ་གསོ་དང་བྱ་ འགུལ་སྣེ་མང་སྤེལ་ཏེ།བོད་ཁམས་སུ་རང་བཙན་གྱི་འབོད་སྒྲ་ནུབ་ལ་ཉེ་བའི་སྐབས་ སུའང་གྲ་བས་སྣེ་ཁྲིད་པའི་ཞི་རྒོལ་ཐེངས་མང་བསླངས་པར་བརྟེན་བོད་ཀྱི་འཐབ་རྩོད་ དེ་མི་རབས་གསར་པའི་ལག་ཏུ་རྩིས་སྤྲོད་ཐུབ་པ་བྱུང་ཡོད།  དེ་བཞིན་ས་བྱི་ཡི་ཞི་རྒོལ་ཆེན་པོར་མཚོན་ན་ཡང་ཐོག་མར་སློང་ མཁན་དང་བར་དུ་ཁྱབ་བསྒྲགས་གཏོང་མཁན་ཐ་མར་བཙོན་འཇུག་དང་རང་སྲོག་ཤོར་མཁན་ཡང་ མང་ཆེ་བ་གྲ་བ་ཡིན།

ད་ ལོའི་ས་ཡོམ་དོན་རྐྱེན་བྱུང་སྐབས་སུ་ཡང་རྒྱ་དམག་གིས་རོགས་སྐྱོར་མ་སླེབས་པའི་ སྔོན་ཏེ་ས་ཡོམ་དོན་རྐྱེན་བྱུང་ནས་ཆུ་ཚོད་བཞི་ཡི་རྗེས་སུ་གྲ་བ་ཚོས་ས་གནས་སུ་ འབྱོར་ནས་གསོན་པོ་ཉེན་སྐྱོབ་ཆེད་ཁམ་ཁྱིམ་ཞིག་རོ་བསྔོགས་པ་དང་།གཤིན་པོ་དུར་ འཇུག་ད་དུང་སྡོད་གུར་དང་བཟའ་ཆས་སོགས་ཀྱི་རོགས་སྐྱོར་བྱས་འགོ་འཛུགས་འདུག། རྒྱ་ཡི་དམག་མི་ཡིས་རོགས་སྐྱོར་སླེབ ས་རྗེས་སུ་ཡང་ཉེན་ཁ་ཅན་ཡོད་ཚད་གྲ་བ་རྣམས་ཀྱིས་རང་སྲོག་ལའང་འཛེམ་མེད་ཀྱི་ ཐོག་ནས་རོགས་སྐྱོར་བྱས་ཡོད།གྲ་བ་ཚོས་གསར་འགོད་པའི་དྲི་བ་ལ་ལན་འདེབས་བྱེད་ དུས་ང་ཚོ་ནི་ནང་པ་སངས་རྒྱས་པའི་རྗེས་འཇུག་པ་ཡིན་པས་གཞན་ལ་ཕན་པ་སྒྲུབ་པ་ནི་ སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་རེད་ཟེར་བ་དང།ཡང་ཤ་ཁྲག་གཅིག་པའི་སྤུན་ཟླ་ཡིན་ པས་ཁོ་ཚོར་ཉེན་ཁ་ཡོང་དུས་ང་ཚོས་རོགས་པ་མ་བ ྱེད་ན་སུ་ཡིས་བྱས་ཟེར་བ་སོགས་ཀྱི་སྐད་ཆའི་ཟ་དང་ཟུར་ནས་བྱང་ཆུབ་སེམས་དཔའི་ ཕོ་ཉ་ཡིན་དང་།རྒྱལ་གཅེས་ཀྱི་དམག་མི་ཞིག་ཡིན་པའི་རྣམ་པ་གསལ་སྟོན་བྱས་ཡོད། གསར་འགྱུར་ཁག་ནས་གནས་ཚུལ་སྤེལ་པ་ལྟར་ས་ཡོམ་གནོད་སྐྱོན་ཐེབས་སའི་ས་གནས་སུ་ སྤྲུལ་སྐུ་བརྒྱ་ལྷག་དང་གྲ་བ་ཁྲི་གཅིག་ལྷག་རོགས་རམ་དུ་འབྱོར་ཡོད་ཚུལ་འདུག་ལ། ད་དུང་རྒྱ་མིས་བཀག་འགོག་མ་བྱས་ན་ས་ཁུལ་གཞན་ ནས་གྲ་བ་མང་པོ་ཉེན་སྐྱོབ་ཏུ་ཡོང་ནས་གྲ་བའི་གྲངས་འབོར་དེ་ལས་མང་པ་ཆགས་ངེས་ ཡིན་འདུག།ད་དུང་བོད་ཀྱི་ས་གནས་མང་པོར་དགོན་སྡེ་དག་གིས་སྣེ་ཁྲིད་ནས་ཞལ་ འདེབས་བསྡུ་རུབ་དང་གྲ་བ་རྣམས་ཉེན་སྐྱོབ་ཀྱི་ཆེད་དུ་མངགས་པ་སོགས་བྱས་ཡོད།ད་ ཐེངས་གྲ་བས་རོགས་སྐྱོར་དེ་མ་སླེབས་ན་རྒྱ་དམག་གིས་རོགས་སྐྱོར་་བྱས་ནས་བོད་ མི་སེམས་པ་་འགུག་ཐབས་དང་།རྒྱལ་སྤྱི་ཡི་སྒང་ལ་ར ྒྱ་ཡི་ངོ་གདོང་རྫུན་མ་གཅིག་སྒྲིག་འདོད་ན་ཡོད་ན་ཡང་གྲ་བས་དམག་ཁྲུག་བསླངས་ འདིས་བོད་མི་སེམས་་པ་རྒྱ་ཡི་ལག་ཏུ་ཤོར་བཅུག་མེད་པ་མ་ཟད།ངོ་གདོང་རྫུན་མ་དེ་ ཡང་གཏོར་ཐུབ་པ་བྱུང་ཡོད།

ད་ ཐེངས་གྲ་བའི་་འགུལ་བསྐྱོད་དེས་རྒྱལ་སྤྱི་ཡི་མིག་ནང་བོད་ཀྱི་གྲྭ་བ་ཚོ་གཞན་ ཕན་འཆད་མཁན་རྐྱང་མིན་་པར་སྒྲུབ་མཁན་ཡང་ཡིན་པའི་སྣང་ཚུལ་བྱུང་ཡོད་པ་མ་ཟད། བོད་ལ་ཆབ་དཔལ་རིག་གསུམ་གང་ལ་དཀའ་ངལ་འཕྲད་ན་དེ་ལ་གདོང་ཐུག་ནས་འཐབ་འཛིན་བྱེད་ ནུས་པའི་དམག་མི་དངོས་མར་ཞིག་ཡིན་པའི་སྣང་ཚུལ་ཡང་བྱུང་ཡོད།