༄༅།། ཁྱེད་ཉིད་ངའི་དྲ་ངོས་སུ་ཕེབས་པར་འཚམས་འདྲི་ཞུ།།  Welcome to Bapa Kalsang Trinley Website

༧གོང་ས་མཆོག་ལ་གཞིས་བྱེས་འབའ་པའི་བརྟན་བཞུགས།


༧གོང་ས་མཆོག་ལ་གཞིས་བྱེས་འབའ་པའི་བརྟན་བཞུགས།
ཟླ་འདིའི་ཚེས་༧ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞིས་བྱེས་འབའ་ཐང་བརྟན་བཞུགས་ཚོགས་ཆུང་གིས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་སྐབས། བོད་བསྟན་པ་ཆབ་སྲིད་ཆེད་འབའ་ཐང་གི་མི་ཐོག་རྒན་པ་ཚོས་བྱས་རྗེས་ཆེན་པོ་བཞག་ཡོད་པ་རེད་ལ། གཞོན་པ་ཚོས་ཀྱང་ཞབས་འདེགས་ཞུ་ཐུབ་དགོས་པ་རེད་ཅེས་བཀའ་སློབ་ལམ་སྟོན་གནང་སོང་།

ཉིན་དེའི་སྔ་དྲོ་ཆུ་ཚོད་༩ པའི་ཐོག་སྤྱན་བརྒྱ་སྤོས་སྣེས་མདུན་བསུས་ཏེ་༧གོང་ས་མཆོག་བཞུགས་ཁྲིར་ཞབས་སོར་འཁོད་པ་དང་། སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེ་འཇམ་དབྱངས་དོན་འགྲུབ་མཆོག་དང། རྣམ་གྲྭ་མཁན་ཟུར་བློ་བཟང་བསྟན་འཛིན་མཆོག བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས། སེར་སྐྱ་མི་མང་ཧ་ཅང་མང་པོ་མཉམ་ཞུགས་བྱས་ཡོད་པ་རེད། ༧གོང་ས་མཆོག་སྐུ་ཚེ་བརྟན་ཆེད་དུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ་དང། རྣམ་གྲྭ་མཁན་ཟུར་བློ་བཟང་བསྟན་འཛིན་མཆོག་གིས་མནྜལ་ལྗགས་བཤད་སྐབས་སྐུ་ཚབ་སྐལ་བཟང་རྒྱལ་མཚན་དང་། སྤྱི་འཐུས་སྐལ་བཟང་རྒྱལ་མཚན་རྣམ་གཉིས་ཀྱིས་གཡས་གཡོན་ཚོམ་འདེགས་འབུལ་ཞུས་ཡོད་པ་རེད།

དེ་རྗེས་༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། མཎ་ཌལ་ལྗགས་བཤད་ནམ་རྒྱུན་ངག་ཐོག་ནས་སྐྱོར་གྱི་ཡོད་པ་དེར་དགོས་པ་ཆེན་པོ་ཞིག་མི་འདུག མི་མང་པོ་ཞིག་གིས་གོ་ཐུབ་ཀྱི་ཡོད་མ་རེད། དེར་བརྟེན། ད་རེས་ཡིག་ཐོག་ནས་བྱུང་ན་ཡག་པོ་འདུག་ཅེས་ཁ་སང་ནས་སྐད་ཆ་བྱུང་པ་བཞིན། དེ་རིང་ཡིག་ཐོག་ལ་བཀོད་ནས་མི་ཚང་མས་ཕྱག་ལ་བསྣམས་འདུག དེ་ལ་བྱིན་རླབས་ཡོད་རེད་ཡག་པོ་ཞེ་དྲག་བྱུང་། དེ་ནས་རིང་པོ་ཡང་འདུག་ཞིབ་ཚགས་པོ་དང་ཆ་ཚང་བའི་བཟོ་འདྲ་བོ་ཡག་པོ་ཞེ་དྲག་འདུག དེ་ནས་ཁྱེད་རང་ཚོས་སྔར་རྒྱལ་དབང་སྐུ་ཕྲེང་མང་པོའི་སྐབས་ནས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་འདིར་བཀོད་འདུག ད་ངའི་མི་ཚེ་འདི་ལ་ཆ་བཞག་པ་ཡིན་ན། ཁྱིམ་སྤངས་ཡིད་འོང་ཆོས་འབྱོར་གྱི་གནས། བསྟན་པ་འཛིན་མཁན་གྱི་མཁས་པའི་དབང་པོ་མང་པོ་ཞིག་བྱུང་ཡོད་པ་རེད། དེའི་ནང་ནས་བགྲེས་པའི་གྲས་གཅིག་རྒན་པདྨ་རྒྱལ་མཚན་རེད། གཞུང་རམ་འབྱམས་ལ་མཁས་པ་ཧ་ལས་པ་རེད་འདུག དེ་བཞིན་རྒན་ཉི་མ་རྒྱལ་མཚན་མདུན་ནས་ངས་གསུང་ཆོས་ཞུས་ཡོད་པ་རེད་ལ་མཁས་པ་ཧ་ལས་པ་རེད། ད་ཁོ་རང་གཉིས་ཀྱི་ཡང་སྲིད་གཉིས་འདིར་ཡོད་རེད། ཡང་སྲིད་གཉིས་ཀྱིས་སྐུ་གོང་མའི་མཛད་པའི་རྗེས་སུ་བསླབས་ནས་ཡག་པོ་ཞིག་གནང་པར་དགོངས་པ་བཞེས་དགོས་རེད། རྒན་པདྨ་རྒྱལ་མཚན་གྱི་སྐུ་མདུན་ནས་གསུང་ཆོས་ཞུ་རྒྱུ་བྱུང་ཡོད་པ་མ་རེད། ཡིན་ན་ཡང་ལབ་ལབ་ཀྱི་བཟོ་འདྲ་བོ་འཁྱུག་ཙམ་འཁྱུག་ཙམ་བྱུང་དུས་བཀའ་འདྲི་ཞུ་རྒྱུ་བྱུང་། ཐེངས་གཅིག་མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་སྦྱོར་བའི་ནང་ལ་ཕར་ཚུར་སྒྲིག་སྟངས་ཤིག་གིས་གཞན་དང་མི་འདྲ་བ་ཞིག་གསུངས་སོང་། ད་དེ་ཡིག་ཐོག་ལ་གཅིག་ཡོད་ན་བསམ་པ་འདྲ་བོ་རེད། རྗེས་སུ་ཡང་ཁ་ཤས་ལ་བཀའ་དྲི་ཞུས་པ་ཡིན། དེ་འདྲ་གསུངས་ཐུབ་མཁན་ཕལ་ཆེར་མི་འདུག རྗེས་སུ་གྲྭ་ཚང་གི་མཁན་པོ་བྱས་སྐབས་ཧུར་ཐག་རེད། དེ་ནས་རྒྱུད་པའི་མཁན་པོ་བསམ་གཏན་རྒྱ་བོས་བྱེད་སྐབས་ཀྱང་ཧུར་ཐག་བྱས་སོང་། ཞེ་དྲག་ཡག་པོ་རེད། ཁོ་རང་གིས་དོལ་རྒྱལ་བསྟེན་གྱི་ཡོད་པ་རེད། དེ་དུས་ངས་ཀྱང་དམ་དྲག་བྱེད་རྒྱུ་རེད་མ་གཏོགས། ཁོ་རང་ད་ལྟ་ཡོད་པ་ཡིན་ན། ངས་ག་རེ་ལབ་པ་དེར་བརྒྱ་ཆ་བརྒྱ་ཐམ་པ་ཡིད་ཆེས་བློས་ཁེལ་བྱས་ནས་འགྲོ་ཡི་རེད་མ་གཏོགས། གཞན་སྤྱོད་པ་ལོག་མཁན་རྩ་བ་ནས་བྱེད་ཀྱི་མ་རེད་དེ་ངས་ཤེས་ཀྱི་ཡོད། དེ་ནི་རྒན་ཉི་མ་དང་རྒན་པདྨ་རྒྱལ་མཚན་དང་འབྲེལ་བ་རྩ་བ་ནས་ཡོད་མ་རེད། རྒན་པདྨ་རྒྱལ་མཚན་ལ་ཆ་བཞག་ན་སྦག་ས་ལ་བཞུགས་པའི་སྐབས་དེར། དོལ་རྒྱལ་ངས་ཀྱང་བསྟེན་གྱི་ཡོད་རེད་ཟེར། ད་གླིང་རིན་པོ་ཆེས་འཐད་པ་གནང་གི་ཡོད་མ་རེད། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་གནང་གི་ཡོད་རེད། དེ་ནས་ངས་བསྟེན་པའི་སྐབས་དེ་ད་ཡིན་ན་ཡང་། རྒན་པདྨ་རྒྱལ་མཚན་གྱིས་སོ་སོའི་ལུགས་བཟུང་ནས་བློ་བརྟན་ཐག་ཆོད་བཞུགས་ཀྱི་རེད། ཕྱིས་སུ་བསམ་བློ་གཏོང་དུས་རྒན་མཛད་རྗེས་ཆེན་པོ་རེད་འདུག སྐབས་དེར་ངས་ཀྱང་བསྟེན་གྱི་ཡོད་རེད། ཚང་མས་འུར་བརྒྱབ་ནས་བྱས་བསྡད་ཡོད་རེད་ད། རྒན་པདྨ་རྒྱལ་མཚན་གྱིས་སོ་སོའི་རང་ལུགས་བཟུང་ནས་གང་ལྟར་བརྟན་པོ་བྱས་པ་རེད། ཞེ་དྲག་ཡག་པོ་རེད་མཛད་རྗེས་ཆེན་པོ་རེད། དུས་ཚོད་དེར་ཆོས་ཕྱོགས་ནས་མཛད་རྗེས་ཆེན་པོ་འཇོག་མཁན་ཁོ་རང་ཚོར་ང་ཚོས་རྗེས་དྲན་ཞུ་དགོས་ཀྱི་ཡོད་རེད་ཅེས་བཀའ་སློབ་གནང་སོང་།

༧གོང་ས་མཆོག་གིས་མུ་མཐུད་ཆབ་སྲིད་ཀྱི་འབྲེལ་བའི་སྐོར་གསུང་དོན། ཆབ་སྲིད་ཀྱི་ཐོག་ནས་བཤད་པ་ཡིན་ན། ང་༡༩༥༤ ལོར་རྒྱ་ནག་ལ་ཕྱིན་པའི་སྐབས་དེ་ནས་བཟུང་། ཕུན་ཚོགས་དབང་རྒྱལ་དེ་སྔ་ནས་ཤེས་ཀྱི་ཡོད་རེད། ལྷ་ས་ནས་དོགས་པ་འདྲ་བྱས་ཏེ་ཕུད་པ་རེད། ༡༩༤༨ ལོ་ཡིན་པ་ཡོད། དེ་རྗེས་ཕུན་ཚོགས་དབང་རྒྱལ་བཅིངས་གྲོལ་དམག་མི་ཀྲང་གོ་ཧྭ་མཉམ་དུ་སླེབས་སོང་། ངས་གསལ་པོ་ཞེ་དྲག་དྲན་གྱི་ཡོད། ངས་ནོར་བུ་གླིང་གར་འབྱོར་ཕྱག་གི་བཟོ་འདྲ་བོ་ཞུ་དུས། ཕུན་ཚོགས་དབང་རྒྱལ་གྱིས་བོད་ཆས་ཤིག་གྱོན། ཞྭ་མོ་ཞིག་གྱོན་འདུག ངའི་མདུན་དུ་སླེབས་པ་དང་ཞྭ་མོ་དེ་ཕུད་ནས་ཕྱག་གསུམ་འཚལ་སོང་། ཁོང་གུང་ཁྲན་ཏང་ཡན་པ་གཙང་མ་རེད། དེ་དུས་ཆོས་ལ་ཞེ་དྲག་དོ་སྣང་ཡོད་མ་རེད། སོ་སོའི་མི་རིགས་ཀྱི་ལྟ་བ་དེ་ཞེ་དྲག་ཤུགས་ཆེན་པོ་རེད་འདུག དེ་ནས་ཐེངས་གཅིག་ངེད་གཉིས་པེ་ཅིང་ལ་ཡོད་པའི་སྐབས་དེར། ཉིན་ཞིག་གནས་ཚུལ་དང་ལོ་རྒྱུས་དེ་འདྲ་བཤད་དུས། ཕུན་ཚོགས་དབང་རྒྱལ་གྱིས་སྔོན་མ་སྔོན་མ་ང་ཁྱེད་རང་མཇལ་སར་བཅར་བ་ཡིན། དེ་དུས་ཁྱེད་རང་བཞུགས་ཁྲིའི་སྒང་ལ་ཆུང་ཆུང་ཞིག་འདུག ད་ད་ལྟ་འདི་འདྲ་ཞིག་འདུག་ཟེར། ད་ལྟ་འདི་འདྲ་རེད་ཟེར། དེ་དུས་ང་ལོ་ཉི་ཤུ་རྩ་གཅིག་རྩ་གཉིས་ཤིག་ཡིན་འགྲོ། དེའི་སྐབས་ཕུན་ཚོགས་དབང་རྒྱལ་ངུས་སོང་། ཆོས་ལ་དད་པ་དམིགས་བསལ་གྱི་མ་རེད་མོད། མི་རིགས་ཀྱི་ཞེན་ཁོག་དེ་ཞེ་དྲག་རེད་འདུག དེ་ནས་མི་རྣམ་དཔྱོད་ཆེན་པོ་ཞེ་དྲག་རེད། བོད་མི་རིགས་ལ་ཞེན་ཁོག་གི་ཐོག་ནས་རྒྱལ་བ་རིན་པོ་ཆེ་དགའ་ཞེན་ཡོད་པ་རེད། བསམ་བློ་ཞེ་དྲག་ཆེན་པོ་རེད་འདུག རྗེས་སུ་ངེད་གཉིས་དངོས་གནས་རྒྱ་མིའི་བཤད་སྟངས་བྱས་ན་བློ་མཐུན་རང་ཆགས་པ་རེད། དེ་ནས་ཕུན་ཚོགས་དབང་རྒྱལ་ས་ནས་ངས་མར་ཁུ་སིའི་ལྟ་བ་ཞེ་དྲག་སྦྱང་ཡིན། ཁོ་རང་ལ་ཡིད་ཆེས་གཙང་མ་ཡོད་རེད་ལ་ང་ལ་ཡང་ཡིད་ཆེས་སླེབས་ནས། པེ་ཅིང་ལ་ཡོད་པའི་སྐབས་དེར། ང་གུང་ཁྲན་ཏང་ནང་ལ་འཛུལ་གྱི་ཡིན་ལབ་པ་ཡིན། bapa2_2012_3_7སྐབས་དེར་ཕལ་ཆེར་རྒྱ་ནག་གི་དཔོན་པོ་ལི་ཌིན་ཡིན་ས་ཡོད། སྔོན་ལ་བྲེལ་ལ་ཡོད་མ་རེད་ཟེར་ནས་དེ་འདྲ་བཞག་པ་རེད། མི་རིགས་ཀྱི་ཞེན་ཁོག་ཧ་ལས་པ་རེད། དེ་ནས་དམར་པོའི་རིངས་ལུགས་ཀྱི་ལྟ་གྲུབ་ལ་ཆ་བཞག་ན་ཞེ་དྲག་ཤེས་ཀྱི་ཡོད་རེད། སོ་སོ་རང་ཉིད་ཀྱིས་ཡིད་ཆེས་བྱས་ལག་ལེན་བྱས་ནས་ལྟ་གྲུབ་བཟུང་པ་ཞིག་རེད། ཞེ་དྲག་ཡག་པོ་རེད་འདུག རྗེས་སུ་ཕུན་ཚོགས་དབང་རྒྱལ་ངེད་གཉིས་ལ་ཁ་པར་གྱི་འབྲེལ་བ་བྱུང་ནས། ཐེངས་གཅིག་ངས་ཁ་པར་ཞིག་བཏང་ནས་སྤྱི་ཚོགས་རིང་ལུགས་ག་རེ་བྱས་སོང་ལབ་པ་ཡིན། ཧ་ཧ་ཧ་ཟེར་གྱི་འདུག ཞེ་དྲག་ཡག་པོ་ཡིན། ཕུན་ཚོགས་དབང་རྒྱལ་ཁོ་རང་ཙམ་དུ་མ་ཟད། ཁོ་རང་གི་སྤུན་མཆེད་ཐུབ་དབང་ཞེ་དྲག་ཡག་པོ་རེད། གུང་ཁྲན་ཏང་ཡང་རེད་ལ་མི་བསམ་བློ་ཞེ་དྲག་ཡོད་མཁན་ཞིག་རེད། ངས་ཐུབ་དབང་ས་ནས་རྒྱ་ཡིག་སྦྱངས་པ་ཡིན། ཡང་མི་རིགས་ཀྱི་ཞེན་ཁོག་ཧ་ལས་པ་རེད། ཕུན་ཚོགས་དབང་རྒྱལ་ཡང་ང་དང་ཐུན་མོང་མ་ཡིན་པའི་འབྲེལ་ཡོད་པ་ཞིག་ཆགས་བསྡད་ཡོད་རེད། སྐབས་དེར་འབའ་པ་མང་པོ་ཡོད་རེད། ཡིན་ན་མིང་རེ་རེ་ནས་དྲན་གྱི་ཡང་མི་འདུག་ལ་བཤད་དགོས་དོན་ཡང་མི་འདུག དེའི་ཕྱིས་སུ་འབའ་པ་བཀྲ་ཤིས་ཚེ་རིང་རེད་དམ། དེ་དང་ཡང་གླེང་རྡོ་རྗེ་ཁོང་ཚོའི་གྲས་བོད་མི་རིགས་ཀྱི་ལྟ་བ་ཁུར་ནས་ཧ་ལས་པ་རེད། ཉེ་ཆར་ཀྲོ་ཙི་ཡང་རྒྱ་ནག་དབུས་གཞུང་གི་འགོ་ཁྲིད་ལ་མ་སླེབས་གོང་དེར། ཡང་གླེང་རྡོ་རྗེས་བྲིས་བཞག་པའི་བསམ་འཆར་དེབ་ཅིག་ཉེ་ཆར་ཧུང་ཀོང་ནས་བཏོན་འདུག། དེ་དུས་ཡང་གླེང་རྡོ་རྗེས་བསམ་ཆ་བཤད་བཞག་པ་དེ་ནང་བཞིན་ཞིག རྒྱ་ནག་དབུས་གཞུང་ནས་ལག་ལེན་ལ་བཀོལ་ཡོད་ན། བོད་ནང་གི་ཟ་ངེ་ཟིང་ངེ་དེ་རྩ་བ་ནས་ཡོད་པ་མ་རེད། གནས་ཚུལ་ཡག་པོ་ཞིག་ཡོང་ཐུབ་པའི་རེ་བ་ཡོད་རེད། ཡིན་ན་ཡང་སྐབས་དེར་རྒྱ་མིའི་དཔོན་པོ་ཞིག་གིས་མཁྲེགས་པོ་བྱེད་དགོས་པའི་སྐད་ཆ་བཤད་དེ་སྲིད་ཇུས་དེའི་སྒང་ལ་ཕྱིན་པའི་རྐྱེན་གྱིས། དེང་སང་ཡིན་ན་ཡང་འབ་སུ་མ་འདུས་པའི་གནས་ཚུལ་ཆགས་བསྡད་ཡོད་རེད། རྒྱ་ནག་ངོ་ཚ་དགོས་པ། བོད་ལ་ཆ་བཞག་ན་དཀའ་ངལ་ལོ་ནས་ལོ་མཐུད་དེ་ཡོང་བ་ཆགས་ཡོད་རེད། དེར་བརྟེན། ཁོང་ཚོ་ཧ་ལས་པ་རེད། ཡང་གླེང་རྡོ་རྗེ་དང་ཁོང་ཚོ་ལ་སེམས་ཤུགས་ཡོད་པ། རྣམ་དཔྱོད་ཡོད་པ་བསམ་བློ་རྒྱ་ཆེན་པོ། སོང་ཙང་འབའ་པ་ཡུལ་ལུང་ཆུང་ཆུང་ཞིག་ཡིན་ས་རེད། ཡིན་ན་ཡང་དེའི་ནང་ནས་ཆོས་དང་བོད་ཀྱི་འཐབ་རྩོད་གཉིས་ཀ་ལ་བྱས་རྗེས་ཡོད་པའི་མི་ང་རང་སྒེར་གྱི་ངོས་ཤེས་པ་མང་པོ་ཞིག་ཡོད་རེད། ཞེ་དྲག་ཡག་པོ་རེད། ད་ལྟ་ཁྱེད་རང་ཚོ་སྡེ་གྲོང་ཆུང་ཆུང་དེའི་ནང་གི་སེར་སྐྱ་གཞིས་བཞུགས་ཐུན་མོང་གི་ཐོག་ནས་བརྟན་བཞུགས་ཕུལ་བ་རེད། ཐུགས་རྗེ་ཆེ་ཞུ་༁ི་ཡིན། དེ་ནས་ཁྱེད་རང་ཚོས་སྨོན་ལམ་ཡག་པོ་རྒྱོབས། ད་ལྟའི་བར་དུ་བྱས་རྗེས་ཆེན་པོ་བཞག་ཡོད་རེད་ལ། འབྱུང་འགྱུར་ཡང་ཁྱེད་རང་ཚོ་གཞོན་པ་དེ་ཚོས་ཕྱོགས་ཡོངས་ནས་ཞབས་འདེགས་བསྒྲུབ་ཐུབ་པའི་སྙིང་སྟོབས་བསྐྱེད་དགོས་རེད། དེ་ནས་སྙིང་སྟོབས་གཅིག་པུས་འདང་གི་མ་རེད། རྣམ་དཔྱོད་དགོས་རེད། ཤེས་ཡོན་དགོས་རེད། དེ་འདྲ་ཡིན་དུས་སློབ་སྦྱོང་གི་ཐོག་ལ་ཤུགས་རྒྱག་དགོས་རེད། ཤེ་རབ་རྣམ་དཔྱོད་ཀྱི་རྩལ་དང་། ལྷག་བསམ་སྙིང་སྟོབས་ཟུང་དུ་སྦྲེལ་ནས་དགོས་པ་གལ་ཆེན་པོ་རེད་ཅེས་བཀའ་སློབ་གནང་ཡོད་པ་རེད།།

 

 

  ༧གོང་ས་མཆོག་ལྷ་རུ་བཏགས་པའི་དགེ་སྐྱོན་གླེང་བ།

  ༧གོང་ས་མཆོག་ལྷ་རུ་བཏགས་པའི་བསམ་བློའི་ཐོག་མའི་རྐྱེན་རྩ།

བོད་ གངས་ཅན་ལྗོངས་སུ་ནང་པའི་ཆོས་དེ་དར་ཁྱབ་བྱུང་ནས་བཟུང་ནས་ཆོས་ལུགས་ཀྱིས་མཆོད་ ཁང་དང་ཆོས་པ་ཙམ་ལས་བརྒལ་ནས་བོད་མི་བྱིངས་ཀྱི་སྒོ་གསུམ་གྱི་གོ་སར་ཡོད་ཚད་ བཙན་འཛུལ་བྱས་ཡོད། ལེགས་ཉེས་ཀྱི་དབྱེ་བ་འབྱེད་བྱེད་དེ་ནང་ཆོས་ཁོ་ནས་ཚད་འཇལ་འབྱེད་དགོས་པར་ཆགས་ ཡོད།།ནམ་རྒྱུན་འཚོ་བའི་ཁྲོད་ཆོས་ཀྱི་བསླབ་བྱ་དང་མཐུན་པའི་བྱ་བ་ཞིག་ཕྱིན་མི་ རང་ཉིད་ཀྱི་སྒོ་གསུམ་གྱི་བག་ཕེབས་ལ་མིག་མཐོང་ལག་ཟིན་གྱི་དོ་ཕོག་ཇི་ལྟར་ བྱུང་ཡང་ཇི་མི་སྙམ་པར་སྤྲོ་བ་ངང་ནས་འཇུག་རྐྱང་རེད་ལ།ཆོས་ཀྱི་བསླབ་ཁྲིམས་ལས་ བརྒལ་བའི་མིག་མཐོང་ལག་ཟིན་གྱི་ཞིམ་པོ་མངར་མོ་ཇི་ལྟར་ཕྲད་ན་ཡང་འཕྲལ་བདེ་ཞེས་ པའི་ཚིག་གིས་བསྙད་ནས་དེ་ཙམ་དགའ་མོས་དང་སྤྲོ་བ་མི་བྱེད་།

གོང་ དུ་བཤད་པ་ལྟར་ནང་ཆོས་བོད་དུ་དར་རིམ་བཞིན་མདོ་རྒྱུད་གསུང་རབ་མང་པོ་ཞིག་བོད་ དུ་ཐོན་ཡོད་པ་དང་།མདོ་རྒྱུད་དེ་དག་བསླབ་ལ་བརྩོན་པའི་མི་དག་གིས་འཕགས་པ་སྤྱན་ རས་གཟིགས་ཞེས་པའི་སེམས་དཔའ་ཆེན་པོ་ཞིག་བོད་གངས་ཅན་པའི་འདུལ་མཁན་ཡིན་པའི་ ལུང་བསྟན་དང་།དེ་ཡི་རྣམ་རོལ་གང་དང་གང་བྱོན་དང་སུ་དང་སུ་ཕེབས་སོགས་རྩལ་ཞིབ་ ཡང་ཞིབ་བྱས་ནས་རྒྱལ་དབང་སྐུ་ཕྲེང་ནར་རིམ་དེ་མགོན་པོ་གང་གི་རྣམ་རོལ་ཡིན་པའི་ ལུང་རིགས་ཀྱིས་མཐའ་གཅོད་བྱས། མཐའ་གཅོད་དེ་མཁས་པའི་ཁ་ནས་ཁར་བརྒྱུད་དེ་བླུན་པོ་རྣ་རྩ་བར་བསྐྱལ།བླུན་པོའི་ རྣ་ཁ་ནས་གཏམ་རྒྱུད་ལྟ་བུ་ཡ་མ་འདྲེས་པའི་སྐད་ཆ་ཞིག་ཏུ་འགྱུར་བར་མ་ཟད།མདོ་ རྒྱུད་མན་ངག་ནས་བྱུང་པའི་ཚད་མའི་ལུང་བསྟན་དེ་དམངས་ཁྲོད་དུ་སྨན་སྣ་འདྲ་མིན་ བཏབ་ནས་སྦྱོར་བའི་ཁ་ཟས་བཞིན་དད་པ་དང་རྨོངས་དད་ཟུང་གིས་སྐད་ཆ་དག་ཁྲ་ཁྲ་ཉན་ བདེ་བདེ་དངབཤད་བདེ་བདེ་ཞིགཏུ་འགྱུར། ཉན་བདེ་བཤད་བདེ་ཡིན་པའི་དབང་གིས་ཆུང་སྐད་ཆ་བཤད་ཤེས་དང་ཉོན་ཤེས་ཤེས་ཙམ་ནས་ སྐད་ཆ་དེ་ཡང་ཡང་གོ་རྒྱུ་ཡོད་པར་ཆགས།དེའི་དབང་གིས་་༧གོང་ས་མཆོག་ཞེས་པའི་མིང་ དེ་གོ་མ་ཉིད་ནས་རྟགས་དང་གཏན་ཚིགས་གང་ལ་ཡང་ལྟོས་མ་དགོས་པར་ཕྱག་སྟོང་སྤྱན་ སྟོང་གི་སེམས་དཔའ་དེའི་གསོན་གཟུགས་འཆར་འོངས།

  ༧གོང་ས་མཆོག་ལྷ་རུ་བཏགས་པའི་དགེ་མཚན་གླེང་བ།

༧ གོང་ས་མཆོག་ལྷ་རུ་བཏགས་ཟེར་དུས་ཁ་འཛུམ་དམུལ་ངང་ནས་གནས་ཤིང་གྲག་འགུལ་ཅི་ཡང་ འབག་སྐུ་ལྟ་བུ་མ་ཡིན་པ་ར་མངོན་ལྐོག་དང་ལེགས་ཉེས་མ་ལུས་པར་མཁྱེན་པ་།འགྲོ་ བའི་སྡུག་བསྔལ་སེལ་པའི་སྟོབས་དང་དཔུང་ཡོད་པའི་སྐྱེས་བུ་ཞིག་གི་གསོན་གཟུགས་ སུ་ཤར་ངེས་རེད་ལ།་ཁོང་གིས་གང་གསུང་དང་གང་གནང་ཐམས་ཅདཚད་མར་འཛིན་གྱི་ཡོད། དེའི་དབང་གིས་བོད་ཀྱི་ཆབ་སྲིད་ལམ་ལུགས་བཅོས་བསྒྱུར་དང་གཉིས་ཕན་དབུ་མའི་ལམ་ མཚོན་པའི བོད་ཀྱི་དངོས་ཡོད་གནས་སྟངས་ལ་རན་པའི ་གལ་གནད་ཆེ་ཞིང་།འཕྲལ་ཡུན་གཉིས་ཀ་ལ་ཕན་པའི་ཆབ་སྲིད་གཞུང་ལུགས་མང་པོ་ ་ཞིག་གསར་བཏོད་དང་ནང་འདྲེན་་བྱས་ཐུབ་ཡོད། རྒྱལ་ཁབ་དང་སྲིད་གཞུང་གཞན་དང་གཞན་དག་གིས་འདི་ལྟ་བུའི་བཅོས་བསྒྱུར་ཆེན་པོ་ ཞིག་བྱ་དགོས་ན་དབང་ཆ་འཐབ་འཁྲུག་དང་རིག་པའི་གཞུང་ལུགས་འཐབ་འཁྲུག་ཆོས་ལུགས་ རིས་བཅད་འཐབ་འཁྲུག་གིས་མཚོན་པའི་གཅིག་འོག་གཅིག་མ་འདུས་པའི་གཡུལ་འགྱེད་ནང་ ཁྲག་གི་འཁོར་ལོ་བསྐོར་ངེས་པར་ཐེ་ཚོམ་མི་དགོས།

      ལྷག་ པར་དུ་དུས་རབས་དང་མཐུན་པ་སྟེ་འཛམ་གླིང་གི་རྒྱལ་ཁབ་ཁག་གིས་དྲག་འཐབ་ཀྱི་མཇུག་ འབྲས་ཡིད་མུག་དང་རྒོལ་བ་བརྩམས་པའི་སྐབས་དང་འཚམས་པར་འཚེ་མེད་ཞི་བའི་ལམ་དུ་ འཁྲིད་ཡོད། ཅི་སྟེ་དྲག་པོའི་ཐབས་ལམ་སྤྱད་ནས་མི་རིགས་འཐབ་རྩོད་ཅིག་བྱ་འདོད་ཆེ་ཤོས་དང་ དང་འདོད་ཤོས་དེ་ཤེས་ཡོན་དང་མཐོང་རྒྱ་མེད་པའི་མི་དག་ཡིན་སྲིད། ཁོང་ཚོས་༧གོང་ས་མཆོག་ལྟ་རུ་བཏགས་པའི་འདུ་ཤེས་དེ་ཁོ་དབང་གིསཁོང་གི་གཏམ་ཚིག་ གཅིག་པུས་དྲག་འཐབ་ཀྱི་སེམས་ཚོར་དེ་གནན་ཡོད།ད་དུང་ནང་ཁུལ་འཆམ་མཐུན་དང་རྐུན་ ཇག་འཕྲོག་བཅོམ་ཤིང་ནགས་གཅོད་བྲེགས་སོགས་དང་།གཅན་གཟན་ལྤགས་རིགས་མཚོན་པའི་ འཛམ་གླིང་སྤྱི་འགྲོའི་ཁྲིམས་ལུགས་མང་པོ་ཞིག་ཀྱང་འདུ་ཤེས་དེའི་དབང་གིས་གནས་ ཐུབ་འདུག  ༧གོང་ས་མཆོག་ལྷ་རུ་བཏགས་པའི་འདུ་ཤེས་དེ་ཡིས་བོད་མི་དག་ལ་བློ་ཐག་རྦད་ ཆོད་ཀྱི་བསམ་བློ་ཞིག་བསྐྲུན་ཡོད་པའི་དཔེ་མཚོན་གཅིག་ནི་༢༠༠༨་ལོར་གསུང་ཚིག་ གཅིག་གིས་བོད་ས་ཡོངས་རྫོགས་རིན་ཐང་ཆེ་བའི་ལྤགས་རིགས་ཡོངས་རྫོས་བསྲེགས་ སྦྱོར་བྱས་པ་མ་ཟད།ལྤགས་རིགས་གོན་མཁན་མི་དག་ཆོས་ཀྱི་བསླབ་ཁྲིམས་དང་འགལ་བ་ལྟ་ བུ་ཡི་ལྟ་ཚུལ་འཛིན་གྱི་ཡོད།

ད་ དུང་གཞིས་ལུས་བོད་མི་ཡི་ཁྲོད་ན་གོང་ས་མཆོག་དང་བོད་དོན་དོ་མཉམ་དུ་བརྩི་གི་ ཡོད་པ་དང་།བོད་རང་བཙན་སྐད་འབོད་མཉམ་དུ་གོང་ས་མཆོག་སྐུ་ཚེ་བརྟན་དགོས་པའི་ སྐད་འབོད་རེ་ཡོད་ཡོད་རེད།དེས་ཅི་ཞིག་མཚོན་གྱི་འདུག་ཟེར་ན་བོད་ཀྱི་མཚོན་ རྟགས་དེ་གོང་ས་མཆོག་བཏགས་པ་དང་།༧གོང་ས་མཆོག་ངོ་ཤེས་རྗེས་དེ་ནས་བོད་དོན་ཟེ་ ར་བ་དེ་ཕར་འཚོལ་པར་བསྟན་འདུག།དེ་ཡང་ཡིན་ཏེ་བོད་དོན་ཟེར་བ་དེ་རྣ་བར་གོ་མ་ མྱོང་ལ་གོ་སའི་བརྒྱུད་ལམ་ཡོད་ཚད་འགགས་ཡོད་ན་ཡང་ཁ་ནས་ཁར་བརྒྱུད་པའི་གཏམ་ རྒྱུད་དེས་༧གོང་ས་མཆོག་བཞེངས།༧གོང་ས་མཆོག་འཚོལ་དུས་བོད་དོན་ཟེར་བ་ཞིག་མིག་ སྔར་སོན་ཡོང་།དེ་དུས་ཁ་ཤས་ཀྱིས་བོད་དོན་གྱི་ཕྱི་ནང་བསྔོག་ནས་བོད་དོན་ལ་འཐམ་ པ་དང་ཁ་ཤས་ཀྱི་སྔོན་ལྟར་༧གོང་ས་མཆོག་དང་བོད་དོན་གཅིག་ཏུ་བཏགས་ནས་ལ་རྒྱ་དང་ འཐབ་རྩོད་ཀྱི་མེ་ལྕེ་འབར་སོང་།

མདོར་ ན་གོང་ས་མཆོིག་ནི་ཁོ་ཚོའི་མི་རིགས་ལ་རྒྱའི་སྙིང་སྟོབས་སྐྱེས་སའི་གཞི་མ་ལྟ་ བུ་ཆགས་ཡོད།ཐ་ན་གོང་ས་མཆོག་རྒོལ་བ་ལས་ཚེ་སྲོག་བཏང་ན་འོས་པའི་བློ་རྦད་ཆོད་ ཀྱི་འདུ་ཤེས་རེ་ཁོག་ཏུ་འཁྲུངས་འདུག  གནད་དོན་དེས་ནང་ རུལ་དང་ནང་འཁྲུག་འགོག་པའི་ཆ་རྐྱེན་གལ་ཆེན་ཞིག་ཡིན་པས་དམག་དོན་བསྟན་བཅོས་ཁག་ གིས་བསྟན་དོན་ལྟར་ན་ནང་ཁུལ་གཅིག་སྒྲིལ་དེ་དམག་འཐབ་པའི་ཆ་རྐྱེན་ཨང་དང་པོ་དེ་ འཇོག་ཡོད་པས་ང་ཚོའི་འཐབ་རྩོད་ནང་གི་གལ་གནད་ཆེ་བའི་རྒྱལ་ཁ་ཞིག་རེད་སྙམ།

    ༧གོང་ས་མཆོག་ལྷ་རུ་བཏགས་པའི་སྐྱོན་ཆ་གླེང་བ།

གོང་ ས་མཆོག་ལྷ་རུ་བཞེངས་པའི་རྟོག་ངོར་ཁོང་ནི་རྟག་པ་དང་ཐེག་ཟུག་འཇིག་པར་མེད་པའི་ མཚན་ཉིད་ཅན།མངོན་ལྐོག་ཡོད་ཚད་ཤེས་པའི་ཀུན་མཁྱེན་དང་ཀུན་ལ་སྙོམས་པའི་ཐུགས་ བརྩེ་ཅན་གྱི་བདག་ཉིད་ཆེན་པོ་ཞིག་བཞེངས་ཡོད།དེའི་རྐྱེན་པས་ཁོང་གིས་བྱ་བ་གང་ མཛད་ཀྱང་་ངལ་བ་དང་ན་བ་དང་ཚ་བ་མེད་པ།ད་དུང་བོད་དོན་དེ་སྤྱན་རས་གཟིགས་ཡིན་ པའི་ཆ་ནས་ཁོང་གི་ལས་འགན་ལྟ་བུར་བརྩི་བ་དང་། ལྷག་པར་དུ་༧གོང་ས་མཆོག་གི་ཕྱག་བསྙལ་ས་དག་ན་ང་ཚོའི་ལག་པས་མི་ཐེག་པའི་སྒྱིེད་ ལུག་པའི་ལེ་ལོ་སོགས་ཀྱི་རྐྱེན་པས་ང་ཚོས་གོང་ས་མཆོག་གིས་དགོངས་པ་ཡི་རྗེས་མ་ ཟིན་པར་འགྲུབ་ཚོད་ཀྱི་ལས་ཀ་མང་པོ་ཞིག་ལྷག་ཡོད།  

ཁོང་ སྤྱན་རས་གཟིགས་ཡིན་པས་ཁོང་གི་ཅི་མཛད་རང་ཉིད་ཀྱི་བྱས་མི་ཐུབ་པའི་བསམ་བློ་ དེའི་དབང་གིས་ད་བར་བོད་པའི་སྤྱི་ཚོགས་ནང་ཁོང་གི་རིང་ལུགས་ཀྱི་རྒྱུད་འཛིན་པ་ ཞིག་གཏན་ནས་བྱུང་མེད། གལ་ཏེ་ང་ཚོའི་སྤྱི་ཚོགས་ནང་ཁོང་ལྷ་རུ་བཏགས་པའི་འདུ་ཤེས་དེ་མེད་ན་ཁོང་གི་ རིང་ལུགས་འཛིན་གྱི་མི་སྣ་དམའ་མཐའ་ཡང་བཅུ་ཕྲག་ཁ་ཤས་བྱུང་ཡོད་སྲིད།

 

ལྷག་ དོན་དུ་ཁོང་སྤྱན་རས་གཟིགས་དང་རང་ཉིད་ཀྱི་མགོན་པོ་ཡིན་པའི་འདུ་ཤེས་ཀྱིས་ཕ་ ཡིས་བུ་དང་།སྦྱིན་བདག་གིས་སྤྲང་པོ་གསོ་པ་ལྟ་བུའི་འདུ་ཤེས་ཀྱིས་རྐྱེན་པས་རེ་ བ་དང་གྲ་སྒྲིག་གང་ཡང་མེད་པར་༧གོང་ས་མཆོག་གི་ཕྱག་ལ་བལྟས་རྐྱང་གིས་དུས་ཆོད་ བདས་ཀྱི་ཡོད།༧གོང་ས་མཆོག་རང་ཉིད་ཀྱིས་ཀྱང་གནད་དོན་དེ་འདྲ་མུ་མཐུད་ནས་གནས་ན་ བོད་དོན་དང་བོད་རིགས་ཀྱི་ངོ་བོར་ཡུན་གནས་མི་ཐུབ་པ་ཤེས་ནས་རང་ཉིད་རྒས་ཡོལ་ གྱིོ་བཅོས་བསྒྱུར་ཆེན་པོ་ཞིག་བྱས་ཡོད།དེའི་སྐབས་བོད་མི་མང་པོ་ཞིག་གཅེར་བུ་ ལུས་པ་དང་བྱེའུ་ཕྲུག་ཐང་སྟེང་ལྷག་པ་ལྟ་བུའི་ཚོར་སྣང་འོག་དངང་འཚབ་ཆེན་པོ་ ཞིག་ལངས་ཡོད་ལ།ལས་དོན་ཡོད་ཚད་གཞི་ནས་སྦྱངས་དགོས་པ་ལྟ་བུའི་སྐྱོན་གནས་ཀྱི་ར་ འཕྲོད་ཞིག་ཀྱང་བྱུང་ཡོད།་དེ་དག་ནི་གོང་ས་མཆོག་ལྷ་རུ་བཏགས་པའི་བསམ་བློའི་ སྐྱོན་ཆ་ཡིན།

   ༧གོང་ས་མཆོག་ལྷ་རུ་བཏགས་པ་ལས་འཕྲོས་པའི་རང་གི་བསམ་ཚུལ་གླེང་བ།

གོང་ མཆོག་ལྷ་ཡིན་པས་ལྷ་རུ་བཏགས་ན་གནའ་དེང་གི་རིགས་པ་གང་གིས་གནོད་པ་བབ་མི་སྲིད་ ན་ཡང་།གོང་ས་མཆོག་ལྷ་རུ་བཏགས་ན་བཏགས་སྟངས་ཤེས་དགོས།༧གོང་ས་མཆོག་ཕྱག་སྟོང་ སྤྱན་སྟོང་སྤྲོས་པ་བོར་ནས་མི་ཡི་ཤ་ཚུགས་སུ་ཕེབས་པ་དེ་ནི་རང་རེིའ་བསོད་ནམས་ དང་དབང་ཐང་ལས་ཚད་བཞག་ནས་ཕེབས་པ་རེད།དེ་ནི་རང་རེའི་བསོད་ནམས་ལས་དཔག་པའི་ཤ་ ཚུགས་གཅིག་སྤྲུལ་པཡང་་རེད་ལ། རང་ཅག་མི་ཡི་ཤ་ཚུགས་ཤིག་མ་གཏོགས་ལོངས་སྤྱོད་པའི་སྐལ་བ་མེད། དེས་ན་མི་ཡི་ཤ་ཚུགས་བསྟན་པ་ལྟར་སྐྱེས་རྒ་སོགས་དང་།འགྲོ་བ་མི་བྱིངས་ལྟར་ལས་ ཀ་གང་བྱས་མཉམ་རུབ་དགོས་པའི་མཛད་པ་སོགས་བསྟན་སྲིད་པ་མ་ཟད།ཐ་ན་ངལ་བ་དང་རྒས་ ནས་བགྲེས་ཡོལ་ཉིན་གཅིག་འཇིག་རྟེན་འདི་ནས་བྲལ་པའི་མཛད་པ་ཡང་བསྟན་སྲིད་པའི་ གནས་ལུགས་སོགས་ཤེས་པའི་སྒོ་ནས་ལྷ་མཆོག་སྤྱན་རས་གཟིགས་བཏགས་ན་འོས་ཤིང་འཚམས་ པར་སེམས་སོ།་

 

 

 

 

 

ང་ཡི་བླ་མ།

འཁོར་བ་གཏིང་མཐའ་རིང་པོའི་ངོ་ངོས་ན།།

རྣལ་མའི་ངེས་འབྱུང་སེམས་ཀྱི་མོས་ངོས་ནས།།

རྣམ་དག་འོད་ཀྱི་ས་ཆེན་རྙེད་པ་ཡི།།

དག་པ་རང་བྱུང་སྐུ་ཡི་རང་གཟུགས་ཁྱོད།།

 

ཚང་ཚིང་རྒྱ་ནགས་སྟུག་པོའི་ཀློང་དཀྱིལ་ན།།

རྣམ་དག་ཆོས་ཚུལ་སྙིང་ཁའི་ངོས་བསྣམས་ནས།།

ཅི་མཛད་བསྟན་པའི་དོན་དུ་བཏང་པ་ཡི།།

བསྟན་འཛིན་བསྟན་འཛིནཟེར་བའི་རྙེད་དོན་ཁྱོད།།

 

ཆོས་ཀྱི་མིང་དོན་རྙེད་པའི་ཞོགས་པ་ནས།།

འདི་སྣང་ཆུ་ལ་བསྐུར་བའི་བྲེལ་ཟིང་ཁྲོད།།

རང་ངོ་རླུང་གིས་གཏོར་བའི་དྲག་ཆར་ལ།།

བཀག་འགོག་ཟློས་གར་བོར་བའི་འཇོན་མེད་ཁྱོད།།

 

བླ་མ་བླ་མ་ཟེར་བའི་ཁྲོམ་ར་ན།།

ཟློས་གར་འདྲ་མིན་འཁྲབ་པའི་བྲེལ་ཟིང་ནས།།

རང་ཉིད་ཟུར་དུ་ཕྱུང་པའི་ཁེར་རྐྱང་པ།།

ཁུ་སིམ་རང་ཉིད་འཇོམས་པའི་ཐོ་བ་ཁྱོད།།


དམར་སེར་མཁས་པའི་སྟོང་གི་མདུན་ས་ན།།

མི་འཇིགས་སྤོབས་པས་ཁྲི་ཁར་བཏེགས་ན་ཡང་།།
རང་སེམས་སྤྲང་གྲལ་ལྷུང་པའི་ཆད་ལྟ་བ།།

མགོ་བོ་སྙེ་མ་དུད་པའི་ཞིང་ཁ་ཁྱོད།།

 

དག་པ་རང་བྱུང་སེམས་ཀྱི་མོས་ངོ་ནས།།

ཡོད་ཚད་ཞིང་ལ་བཀོད་པའི་རྐྱེན་དག་གིས།།

རང་ཉིད་ཚོགས་ཞིང་བོར་པའི་ངལ་གདུང་ཞིག།།

ལྟག་སྤྲོད་གོ་བབ་ཞིག་གི་ཕྲག་སྟེང་ལྷུང་།།

 

ཆོས་ཚུལ་རྨ་འབྲི་དལ་བབ་ཀློང་དཀྱིལ་ནས།།

ཕ་ཆོས་གུང་ལ་བཏེགས་པའི་འོད་སྣང་གིས།།

མི་བཟོད་གཡང་རྒྱུག་འབྱུང་བྱ་ཁྱུ་གཅིག་གིས།།

གཏིང་ཟབ་ཁྲོན་པའི་སྦུབས་ན་བསྔོག་ནས་ཡོང་།།

 

དག་པ་རང་གཟུགས་སྒྲིབ་པ་མི་མངའ་ཡང་།།

འདི་སྣང་སྲིད་པའི་ལྟད་མོ་སྟོན་སྟངས་ལས།།

དཀར་དམར་ཁྲ་ཡི་སྣང་ཚུལ་མངོན་པ་དེ།།

འཁོར་འདས་གླེང་གཞི་སྦྲེལ་བའི་གཞི་མཐུན་ཡིན།།



   བོད་ཀྱི་ཆོས་བརྒྱུད་བཞི་ཀ་དཀྱིལ་འཁོར་གཅིག་གི་ལྷ་ཚོགས་རེད།

                                                                                              མཁས་དབང་ཕ་ ར་རྒན་རྣམ་རྒྱལ་དབང་ཆེན་མཆོག་ནི་བོད་དུ་འབྲས་སྤུངས་བློ་གསལ་གླིང་ གྲྭ་ཚང་དུ་ཆོས་བཞུགས་གནང་ཏེ།མཁན་ཆེན་པདྨ་རྒྱལ་མཚན་མཆོག་དང་ཤག་སྐོར་མཁན་པོ་ ཉི་མ་རྒྱལ་མཚན་གཉིས་ཀྱི་ཞབས་ལ་གཏུགས་ནས་མི་ལོ་བཅུ་ལྷག་གཞུང་ཆེན་ཁག་ལ་སློབ་ གཉེར་གནང་།ཕྱི་ལོ༡༩༥༩ལོར་བོད་ནས་རྒྱ་གར་དུ་བྲོས་བྱོལ་དུ་ཕེབས་རྗེས་སུ་སྔར་ གྱི་སློབ་གཉེར་གྱི་འཕྲོ་བསྐྱངས་པས་ནང་པའི་གཞུང་ལུགས་ལ་ཕུལ་བྱུང་གི་མཁས་པར་ གྱུར།༡༩༨༡ནས་༡༩༨༧བར་ཕྱི་རྒྱལ་དུ་འཇམ་དབྱངས་ཆོས་ཚོགས་ཀྱི་ སློབ་དཔོན་གནང་།༧གོང་ས་མཆོག་གི་བཀའ་དགོངས་བཞིན་རྒྱ་གར་དུ་ཕྱིར་ཕེབས་ནས་ད་ བར་དགེ་ཕྲུག་དུ་མར་དཔེ་འཁྲིད་གནང་ནས་བཞུགས་ཡོད།ད་བར་རྒན་ཁོང་གིས་གཞུང་ཆེན་ སྐོར་དབུ་མའི་རྟེན་འབྱུང་སྙིང་པོ།ཕར་ཕྱིན་ཨུཏྤ་ལའི་གྲུ་ཆ།མཛོད་འགྲེལ་ཆོས་ མངོན་ དཔག་བསམ་སྟོད་སྨད་གཉིས།འདུལ་འགྲེལ་བློ་གསལ་འཇུག་ངོགས་སྟོད་སྨད་གཉིས་བཅས་ དེབ་ཆེན་པོད་དྲུག་དང་།ཚན་རིག་སྐོར་དེབ་གཉིས།དབྱིན་ཡིག་ཐོག་ནས་ལམ་རིམ་ སྐོར་དེབ་གཅིག་དང་།དབུ་མ་འཇུག་མ་དབྱིན་ཡིག་ཐོག་འགྱུར་མ་དཔེ་དེབ་གཅིག་བཅས་མཛད་ཡོད་།རྒན་མཆོག་གིས་མཛད་པའི་གསུང་དེབ་ ཁག་གིས་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་མ་ཟད།ལྷག་པར་དུ་ཚན་རིག་ ཤེས་བྱའི་ལང་འཚོ་ལ་སྔ་ལོར་རྡོ་གདན་དུ་གསུང་ཆོས་སྐབས་༧་གོང་ས་མཆོག་གིས་བསྔགས་བརྗོད་ཆེན་པོ་དང་།བོད་ ཀྱི་ནང་པའི་མཁས་པ་ཚོ་མིག་དཔེར་ཡར་བལྟ་བྱ་ས་ཡིན་སྐོར་གསུང་ཡོད།མདོར་ན་༧སངས་ རྒྱས་ བསྟན་དོན་དང་༧གོང་ས་མཆོག་གི་བཀའ་དགོངས་བཞིན་ལན་དང་གྲགས་པ་སོགས་ལ་མ་བལྟ་ར་གྲྭ་རྐྱང་ཞིག་གི་འཚོ་བར་རོལ་ནས་ ཉིན་མཚན་ལྟོས་མེད་གཞུང་ལུགས་འཆད་ཁྲིད་སོགས་མཛད་ནས་བཞུགས་ཡོད།

དྲི་བ།རྒན་ཁྱེད་རང་གི་དགོངས་ཚུལ་ལ།ང་ཚོ་ནང་པ་ཡིན་པའི་ཆ་ནས་ཆོས་ལུགས་གཞན་ལ་ལྟ་ཚུལ་ཅི་འདྲ་ཞིག་འཛིན་དགོས་སམ།

ལན། གུས་ པ་རང་ཉིད་ལ་མཚོན་ན་ནང་པ་སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་ཕྲན་བུ་ཞུ་བའི་གོ་ སྐབས་བྱུང་པ་ལས།ཆོས་ལུགས་གཞན་གྱི་ལྟ་སྤྱོད་སྒོམ་གསུམ་ལ་ཤེས་རྟོགས་དེ་ཙམ་ མེད།འོན་ཀྱང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནད་དོན་དེའི་སྐོར་ལ་བཀའ་ སློབ་སྔ་ཕྱིར་ཡང་ཡང་ཕེབས་པ་རྣམས་ཀྱི་སྙིང་དོན་རྣམས་ཕྲན་བུ་ཞུ་ན།སྤྱིར་བཏང་ འཛམ་གླིང་འདི་ཡི་སྟེང་ཧིན་རྡུ་དང་ །ནང་པ།ཡི་ཤུ།ཁ་ཆེ་སོགས་རང་རང་གིས་སྟོན་པས་བཀའ་རྩལ་པའི་ཆོས་ལུགས་མང་པོ་ཡོད་ པ་རྣམས་རང་རང་གིས་འདུལ་སྐལ་ཡོད་པའི་མི་རྣམས་ལ་ཕན་ཐོགས་ཡོད་པ་གཅིག་མཚུངས་ ཡིན་སྟབས་ཆོས་ལུགས་འདི་ལེགས་དང་།གཞན་དེ་མི་ལེགས་པའི་སྐོར་བརྗོད་ཁག་པོ་ཡིན། རང་རང་གི་འདུལ་སྐལ་ཡོད་པའི་འདུལ་བྱ་ལ་ལྟོས་ནས་ལེགས་ཤོས་བརྩི་དགོས་ཀྱི་རེད་ ཅེས་༧རྒྱལ་དབང་ཡིད་བཞིན་ནོར་བུས་བཀའ་རྩལ་ཡོད་པ་ལྟར་རེད། བྱེ་བྲག་རང་རེའི་བོད་གངས་ཅན་ལྗོངས་ཀྱི་ནང་པ་སངས་རྒྱས་པའི་ཆོས་བརྒྱུད་ཆེན་ པོ་ཆེན་པོ་བཞི་ལ་མཚོན་ནས་བཤད་ན།ཚང་མ་སྟོན་པ་གཅིག་དང་བསྟན་པ་གཅིག་ཡིན་པས་ ཆོས་བརྒྱུད་ཆེན་པོ་བཞི་ཀ་དཀྱིལ་འཁོར་གཅིག་གི་ལྷ་ཚོགས་རེད།

དེ་ལྟར་ནའང་ནང་ པ་སངས་རྒྱས་པ་ལྟ་བུའི་ཆོས་ལུགས་གཅིག་ལ་དད་པ་བྱས་ཏེ་བཞུགས་ཟིན་པ་ཡིན་ན།ནང་པ་ སངས་རྒྱས་པའི་རྩ་བའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཇི་ལྟར་འདོམས་པའི་ བསླབ་དོན་ལྟར་ཉམས་སུ་ལེན་དགོས་ཀྱི་སྒེར་གྱི་ཐོབ་ཐང་དང་།རང་དབང་ལ་བསྙད་དེ་ གང་བྱུང་བསྲེས་མི་རུང་བའི་ཚུལ་དེ་མཁྱེན་དགོས་པ་རེད།

དྲིབ།ནང་པ་སངས་རྒྱས་པ་ཞིག་གིས་ཆོས་ལུགས་གཞན་གྱི་ལྟ་སྤྱོད་སོགས་ཉམས་སུ་ལེན་ན་འགྲིག་གམ།

ལན། གུས་པ་རང་ཉིད་ཀྱི་བསམ་ཚོད་ལ།ནང་པ་སངས་རྒྱས་པའི་ཆོས་ལུགས་ལྟ་བུ་ཆོས་ལུགས་ གཅིག་ལ་བཞུགས་པ་ཡིན་ན་ཆོས་ལུགས་དེ་ལས་གསུང་པའི་བསླབ་བྱ་བཞིན་ཉམས་ལེན་བྱེད་ དགོས་ཀྱི་རེད།ཡིན་ནའང་ཧིན་རྡུ་སོགས་ཆོས་ལུགས་གཞན་ལ་གུས་བརྩི་བྱེད་པ་དང་ཆབས་ གཅིག་ཆོས་ལུགས་གཞན་ནས་ལེགས་ཆ་ལེན་དགོས་རིགས་རྣམས་བླང་ན་འགྲིག་གམ་སྙམ།

དྲི་བ།ང་ཚོ་ནང་པ་ཞིག་ཡིན་པའི་ངོས་ནས་སྐྱེ་བ་སྔ་ཕྱི་ཁས་མི་ལེན་མཁན་རྣམས་ལ་སྐྱེ་བ་སྔ་ཕྱི་ཡོད་པ་རིགས་པས་ཇི་ལྟར་སྒྲུབ་དགོས་པ་རེད།

ལན།ང་ རང་ལྟ་བུར་མཚོན་ན་སྐྱེ་བ་སྔ་ཕྱིའི་གནད་དོན་ལྟ་བུ་རང་རེའི་གཞུང་ལས་གསུངས་པར་ ཁུངས་བཅོལ་ཏེ་ཞུ་རྒྱུ་ལས་གཞན་མྱོང་གྲུབ་ཀྱི་ཉམས་རྟོགས་ཡོད་པ་མ་རེད།རང་རེའི་ གཞུང་འགའ་ཞིག་ལས་མངལ་གནས་ཕྲུ་གུ་ཚོས་མ་ནས་མ་བཙལ་པའི་གོང་དུ་སྐྱེ་བ་སྔ་མ་ ཡུན་ཙམ་དྲན་གྱི་ཡོད་ཀྱང་།མ་ནས་བཙལ་པ་དང་བརྗེད་འགྲོ་ཚུལ་ཡང་གསུངས་ཡོད་པ་དང། ནང་པ་སངས་རྒྱས་པའི་མཚན་ཉིད་ཀྱི་ གཞུང་དང་།སྔགས་ཀྱི་གཞུང་གཉིས་ཀར་སྐྱེ་བ་སྔ་ཕྱི་ཡོད་པ་རིགས་པས་སྒྲུབ་སྟངས་ མང་པོ་གསུང་ཡོད་པ་རེད། ཡིན་ནའང་གུས་པའི་བསམ་ཚུལ་ལ།ང་རང་ཚོ་ནང་པ་སངས་རྒྱས་པའི་ལྟ་གྲུབ་འཛིན་མཁན་ ཞིག་ཡིན་པའི་ངོས་ནས་ཡིད་ཆེས་བྱས་པའི་སྐྱེ་བ་སྔ་ཕྱི་དེ་ཡོད་པ་ནང་པའི་ལྟ་ གྲུབ་ནང་གསལ་བའི་རིགས་པ་སྤྱད་ནས་རྒྱུ་མཚན་དང་གནས་ལུགས་ཀྱི་ཐོག་ནས་རང་ཉིད་ལ་ ཡིད་ཆེས་འཕེར་པ་དང་གཞན་ལ་ཡང་དེ་བཞིན་དུ་རྒྱུ་མཚན་དང་ལྡན་པའི་ཐོག་ནས་འགྲེལ་ བཤད་རྒྱག་ཐུབ་པ་དགོས་ཀྱི་རེད།

གཞན་ གྱི་མི་ཚང་མར་ནང་པའིགཞུང་ནས་་བཤད་པ་བཞིན་སྐྱེ་བ་སྔ་ཕྱི་སོགས་ཁས་ལེན་པ་བཟོས་ རྒྱུ་དེ་གལ་ཆེ་ནཔོ་མ་རེད་བསམ་གྱི་ཡོད།ང་ཚོས་རང་གི་ལྟ་གྲུབ་དེ་གཞན་ལ་རྒྱུ་ མཚན་གྱི་ཐོག་ནས་ར་སྤྲོད་དེ་འགྲེལ་བཤད་རྒྱག་ཐུབ་པ་བཟོ་རྒྱུ་དེ་ངོ་ཚོའི་ལས་ འགན་རེད།སྐྱེ་བ་སྔ་ཕྱི་མཚོན་པའི་རང་རེའི་ལྟ་གྲུབ་རྣམས་གཞན་གྱིས་ཁས་ལེན་མི་ ལེན་དེ་གནས་ཚུལ་ཐ་དད་རེད།གལ་གན ད་ཀྱང་དེ་ཙམ་མི་ཆེ་ལ།མི་གཞན་ལ་འགྲེལ་བཤད་རྒྱག་དུས་མི་གཞན་གྱིས་ཁས་མི་ལེན་པ་ ཙམ་གྱིས་ང་ཚོའི་གཞུང་ལུགས་དང་ལྟ་གྲུབ་དག་ཁུངས་མི་འཁྱོལ་པ་ལྟ་བུ་ཆགས་མི་ སྲིད་པས་གཙོ་བོ་རང་རང་གི་བློ་ཁ་ནང་དུ་བཀུག་ནས་བསམ་གཞིགས་བྱེད་དུས་རྒྱུ་མཚན་ ལྡན་པའི་ཐོག་ནས་ངེས་པ་རྙེད་པ་ཞིག་བྱུང་ན་འགྲིག་པ་རེད།

དྲི་བ།ནང་ པ་སངས་རྒྱས་པའི་ལྟ་གྲུབ་དང་དེང་རབས་ཚན་རིག་གི་ལྟ་གྲུབ་བར་མཐུན་ཆ་ཡོད་ཚུལ་ དེང་དུས་ཡོངས་གྲགས་ལྟ་བུ་ཆགས་འདུག རྒན་མཆོག་ལ་མཚོན་ན་བར་ལམ་ཚན་རིག་ལ་ཉམས་ཞིབ་ཀྱི་བོད་ཡིག་ཐོག་ཚན་རིག་གི་ སྐོར་་དཔེ་དེབ་ཞིག་ཀྱང་མཛད་ཡོད་པ་རེད།དེས་ན་རྒན་ཁྱེད་རང་ནང་པའི་གཞུང་ལུགས་་ དང་ཚན་རིག་གཉིས་ཀ་མཁྱེན་པའི་ཆ་ནས་གོང་གི་སྐད་ཆ་དེ་ལ་དགོངས་ཚུལ་གང་ཡོད་དམ།

ལན།ཁྱེད་ རང་གིས་མཁྱེན་གསལ་ལྟར་རྒྱལ་དབང་ཡིད་བཞིན་ནོར་བུས་རང་རའི་ནང་པའི་སློབ་གཉེར་ བ་ཚོས་ཚན་རིག་ལ་དོ་སྣང་དགོས་གལ་བཀའ་ཕེབས་པ་ལྟར་ཚན་རིག་ལ་དོ་སྣང་ཕྲན་བུ་ཞུ་ ཁུལ་ལས་།དེང་དུས་ཚན་རིག་་དེ་ཕྲན་གྱི་སློབ་སྦྱོང་གང་ལས་བྱ་ས་ཡི་ཡུལ་མིན་ སྟབས་ལེགས་པོར་ཤེས་ཀྱི་མེད།གཙོ་ བོ་༧གོང་ས་མཆོག་གི་མཛད་པ་མཁྱེན་རླབས་ལ་བརྟེན་ནས་དེང་སྐབས་མཁས་སྙན་ཆེ་བའི་ ཚན་རིག་པ་མང་པོས་ནང་པ་སངས་རྒྱས་པའི་ལྟ་གྲུབ་ལ་དྭང་མོས་ཆེནཔོ་བྱུང་དང་འབྱུང་ བཞིན་ཡོད་།དེང་རབས་ཚན་རིག་པས་དངོས་པོའི་གནས་ཚུལ་གཏན་ལ་ཕབ་དུས་རྒྱུ་མཚན་ གྱིས་དཔྱད་པ་བྱས་པ་བཞིན་དུ་རང་རེའི་ནང་པའི་ལྟ་གྲུབ་རྣམས་གཏན་ལ་འབེབས་དུས་ རྒྱུ་མཚན་གྱིས་དཔྱད་པ་བྱས་ནས་འགྲེལ ་བརྗོད་བྱས་ཀྱི་ཡོད་པ་རེད།དེའི་ཆ་ནས་མཐུན་པའི་ཆ་ཡོད་པ་དང་།གཉིས་ཀས་རྒྱུ་ མཚན་གྱིས་ཐོག་ནས་བརྡར་ཤ་གཅོད་ནས་དངོས་པོའི་རང་བཞིན་འགྲེལ་བརྗོད་བྱས་པའི་ཆ་ ནས་གྲུབ་དོན་གྱི་ཐོག་ལ་འང་མཐུན་པའི་ཆ་མང་པོ་ཡོད།འོན་ཀྱང་དཔྱད་གཞི་མི་འདྲ་ བའི་གནད་དང་།དཔྱད་པ་བྱ་ཚུལ་དང་དཔྱད་མཐར་གྲུབ་དོན་གཏན་ལ་འབེབ་ཚུལ།དཔྱད་པ་ བྱས་པའི་དམིགས་དོན་ཐོག་མི་འདྲ་བ་ཡོད་པའི་དབང་ གིས་ཕྱོགས་གཉིས་ཀྱི་བར་ཐད་ཀར་མི་གཅིག་པ་ཡང་མང་པོ་ཡོད་ནའང་།ཕན་ཚུན་གཅིག་གིས་ གཅིག་ལ་ཡིད་དབང་འཕྲོག་པའི་ལྟ་གྲུབ་ཀྱི་སྒྲོམ་གཞི་ཁག་ཁག་ཡོད་རེད་སྙམ།

དྲི་བ། རྒན་མཆོག་གིས་ང་ཚོའི་ཚགས་པར་འདི་བརྒྱུད་ནས་སྤྱི་ཚོགས་ཐོག་འབོད་སྐུལ་འདྲ་གནང་རྒྱུ་ཡོད་དམ།

ད་ ལྟ་རང་རེའི་བོད་ཀྱི་བསྟན་སྲིད་མི་རིགས་རིག་གཞུང་དང་བཅས་པ་ཆགས་འཇིག་གི་གཉན་ འཕྲང་ཅན་གྱི་སྐབས་འདིར།བོད་གངས་ཅན་ལྗོངས་ཀྱི་ཐུན་མོང་མིན་པའི་ལྷ་སྐལ་འཕགས་ མཆོག་སྤྱན་རས་གཟིགས་ཀྱི་ཐུགས་རྗེ་ལ་བརྟེན་ནས་གཞིས་བྱེས་བོད་མི་ཡོངས་ལ་འཛམ་ གླིང་གཞན་སུ་ལའང་མེད་པའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧གོང་ས་ སྐྱབས་མགོན་ཆེན་པོ་མཆོག་རང་རེའི་མགོན་དཔུང་དུ་ཞུགས་བཞིན་པ་ནི་ང་ཚོའི་བསོད་ ནམས་ཀྱི་བགོ་སྐལ་བླ་ན་མེད་པ་ ཅིག་ཡིན་པར་ཚང་མས་མཁྱེན་པའི་ཐོག་ནས་རང་རེའི་སྤྱི་ཚོགས་ནང་ཡོད་པའི་ལྷག་བསམ་ དང་ཤེས་ཡོན་དང་འཇོན་ཐང་ཅན།ད་དུང་དཔལ་འབྱོར་གྱི་ནུས་སྟོབས་ཡོད་པ་ཚང་མས་ཟབ་ཅིང་དཀྱེལ་ཆེ་བའི་༧གོང་ས་མཆོག་གི་ལམ་ སྟོན་བླ་ན་མེད་པའི་འོག་ནུས་པ་གཅིག་ཏུ་སྤུངས་ཐབས་ལ་འབད་གལ་ཆེ་བའི་ཚུལ་ ཚང་མས་མཁྱེན་གསལ་ལྟར་དེ་དོན་ཐུགས་ལ་འཇགས་རོགས ་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

 

མོན་གྷོ་གསར་འགོད་པས།

 

 

            ཆེད་བསྒྲིགས་ལེ་ཚན།     

            འབའ་ཐང་གི་བུ་རྒོད་ཚོ།



འབའ་པ་ཕུན་ཚོགས་དབང་རྒྱལ།

 

འབའ་ པ་འཇམ་དཔལ་དཔལ་རྒྱ་མཚོ།ཁོང་ནི་རྒྱ་ཡིག་གི་རྩོམ་པ་པོ་གྲགས་ཅན་ཞིག་པ་དང་།སྔ་ ཕྱིར་ང་ཡི་སླབོདཔོན་པཎ་ཆེན་བླ་མ་ཞེས་པ་ལ་སོགས་པའི་རྒྱ་ཡིག་གི་དཔེ་དེབ་མང་ པོ་ཞིག་བརྩམས་ཡོད་པ་དང་།དེང་སྐབས་བོད་རིག་པའི་ཞིབ་འཇུག་པ་ཡིན་ལ།རྒྱ་ནག་པེ་ ཅིན་བཞུགས་ཡོད།


འབའ་པ་ཡོངས་གླིང་རྡོ་རྗེ།




མཁས་དབང་འབའ་པ་བཀྲ་ཤིས་ཚེ་རིང་། བཀའ་བསྟན་དཔེ་བསྡུར་ཁང་གི་ཞུ་ཆེན་པ་དང་རྩོམ་སྒྲིག་པ་གཅིག་ལྕོགས་རེད།

བདག་གི་ཨ་མ་དང་སྲིང་མོ་གཉིས།妈妈和妹妹


བདག་གི་སྲིང་མོས་བྲོ་གར་འཁྲབ་བཞིན་པ།

འབྲས་སྤུངས་་་་ཚགས་པར་གྱི་ཁྲོམ་ར་ཆེ་ཤོས།

དེ་རིང་ནི་གཟའ་པ་སངས་རེད། ཁོ་བོ་ནམ་རྒྱུན་ལྟར་ཟ་ཁང་དུ་ཟ་བཏུང་པར་སོང་། དགོན་པའི་ལམ་ཆེན་གྱི་གསུམ་མདོ་ན་ཚགས་པར་གསོལ། ཚགས་པར་གསོལ། ཧ་ཅང་ཆ་རྒྱུས་ཡོད་པའི་སྐད་ངག་དེས་དེ་རིང་རེས་གཟའ་པ་སངས་ཡིན་པར་སྒྲོག་པའི་ བརྡ་ཞིག་རེད་ལ།བང་ཆེན་གསར་འགོད་པ་ཐུབ་བསྟན་བཀྲིས་སླེབས་ཡོད་པའི་མཚན་མ་ཡང་ རེད།ཁོས་རྒྱུན་ལྡན་གྱི་གོན་པ་བབ་ཆགས་པོ་དེ་གྱོན་ནས་ལག་ཏུ་ཚགས་པར་ལྟེབ་ཆག་ཞིག་འཁྱེར་ནས་བཙོང་བཞིན་འདུག གྲྭ་བ་ཚོས་འཚང་ཤིག་ཤིག་གིས་ཚགས་པར་ཉོ་བཞིན་འདུག་པས་དེ་མ་ཐག་འགྲིམ་རྒྱུག་ཆེ་ བའི་ཚགས་པ་དེ་དང་དང་འགྲེམས་སྤེལ་པའམ་གསར་འགོད་པ་གཉིས་ཀའི་སྣང་བརྙན་མང་པོ་ ཞིག་མིག་སྔར་འཆར་བྱུང་།


བོད་དུང་ཐུབ་བསྟན་བཀྲ་ཤིས་ཀྱི་ཨུ་ཚུགས།

སྔོན་མར་ཚགས་པར་ ཚགས་པར་ ཟེར་བའི་སྐད་ངག་ཞིག་ཐོས་མ་ཐག་ལམ་སེང་ཚགས་པར་གྱི་རྗེས་སུ་མ་འགྲོ་ན་བདུན་ཕྲག་ གཅིག་རིང་གི་ཚགས་པར་ཀློག་སྐལ་ཆད་རྐྱང་རེད། འོན་ཀྱང་བོད་དུང་འདི་ས་གནས་འདིར་བསླེབས་ནས་བཟུང་གྲྭ་བ་ཚོར་ཚགས་པར་སྐལ་བ་ཆད་མ་མྱོང་།གྲྭ་ བ་ཚོའི་དུས་ཚོད་ནི་ཁྲིམས་ལ་སྟབས་བསྟུན་ཡིན་པས་སྐབས་མང་ཤོས་དགུང་མོའི་ཆུ་ ཚོད་༡༢ནས་༡བར་ཆོས་ར་མི་གྲོལ་ན་ཡང་།ཁོང་གིས་ད་དུང་ཚགས་པར་ལག་ཏུ་ཐོགས་ནས་ཚགས་ པར་།ཚགས་པར་ཞེས་འབོད་པའི་སྐད་ངག་དེ་ཆད་མི་བཅུག་ལ། ཆར་པ་དང་ཚ་བ་སོགས་ཕྱི་ཡི་ཁོར་ཡུག་གི་རྣམ་འགྱུར་ཇི་ལྟར་བསྟན་ཡང་ཁོས་ཚགས་པར་ ཚགས་པར་ཞེས་འབོད་པ་ཆད་མ་མྱོང་ལ། བདུན་རེའི་གསར་གནས་དག་ང་ཚོའི་རྣ་ཁ་ན་གཏན་་ནས་ཆད་མྱོང་མེད།ད་དུང་ཁོང་ལ་ཉི་མ་ བརྒྱ་ལྟར་གྱི་རང་གཤིས་བརྟན་པོ་ཞིག་དང་དྲང་ཚུགས་ཀྱི་ལྟ་བ་རྣམ་དག་གཅིག་ཡོད་ པས་གྲྭ་བ་ཚོས་ཁོང་ལ་དགའ་མོས་ཆེན་པོ་བྱེད་བཞིན་ཡོད། ཁོང་གི་ཨུ་ཚུགས་འདིས་བདུན་ཕྲག་རེར་ས་གནས་འདིར་ཚགས་པར་གྲངས་༢༠༠༠ལྷག་འགྲེམས་ སྤེལ་བྱེད་བཞིན་འདུག་ལ།བཙན་བྱོལ་བའི་ཚགས་པར་བྱིངས་ལྟར་སྲང་ལམ་གྱི་གཡས་གཡོན་ ན་ཐལ་རྡུལ་གྱིས་གོན་པ་གྱོན་བཞིན་པ་གཅིག་ཀྱང་མ་མཐོང་།

བང་ཆེན་ཚགས་པར་གྱི་དྲང་ཚུགས།

ཚགས་པར་འདིས་ང་ཚོའི་ས་གནས་སུ་གནས་ཚུལ་མགྱོགས་ཤོས་འཁྱེར་ཡོང་མཁན་དེ་ཡིན། གནས་ཚུལ་ཡོད་ཚད་དྲང་ཚུགས་དང་གསར་འགྱུར་ཆ་སྙོམས་།ད་དུང་བོད་ཁྱོན་ཡོངས་ཀྱི་ གནས་ཚུལ་གང་ཡོད་ཕྱོགས་ལྷུང་དང་འཐེན་ཁྱེར་མེད་པར་ཀློག་པ་པོ་ཡི་མིག་སྔར་དང་ རྣ་སྔར་བསྐྱལ་བས་མི་ཚོས་ཀྱང་གསེར་སྲང་སྟོང་གི་རིན་ཐང་སྤྲོད་བཞིན་ཡོད། ད་དུང་མི་མི་ཉུང་བ་ཞིག་བོད་ཀྱི་རིག་གནས་གླིང་དུ་ཁྲིད་བཞིན་ཡོད་པ་སྟེ།ལོ་ འགའ་སྔོན་དུ་གླིང་འདིར་ཚགས་པར་ཀློག་མཁན་ཧ་ཅང་ཉུང་ཉུང་རེད།དཔེར་ན་ཕྲན་གྱི་ ཁམས་ཚན་ན་མི་གྲངས་༢༠༠ལྷག་ཡོད་ཀྱང་ཚགས་པར་ཀློག་མཁན་མི་༣ལས་མེད། འོན་ཀྱང་དེང་སྐབས་ཚགས་པར་མི་ཀློག་མཁན་ཧ་ལམ་མེད་ཟེར་ན་ཡང་ཆོག དེ་དག་ནི་བོད་ཀྱི་བང་ཆེན་གྱི་ཞབས་རྗེས་རེད།

ཚགས་པར་གྱི་དྲང་ཐིགས་དང་འགྲེམས་སྤེལ་བའི་ཨུ་ཚུགས་གཉིས་ཀྱིས་དམངས་སེམས་ལ་ གསེར་སྲང་སྟོང་གིས་མི་ཁུག་པའི་རིན་ཐང་ཅན་གྱི་ལྟ་ཚུལ་ཞིག་འཁྲུངས། དེའི་དབང་གིས་བང་ཆེན་འདི་ཡིས་འབྲས་སྤུངས་དབང་དུ་བསྡུས་སོང་ལ། ཤོག་བུ་ཁྲོམ་ར་ཆེན་པོ་ཞིག་དང་།དུས་རབས་ཉེར་གཅིག་པའི་གྲ་བའིདཔུང་ཁག་ཅིག་ བསྐྱེད་བསྲིངས་ཀྱི་ལམ་སྣེ་བསྟན་སོང་།

མདོར་ན་བང་ཆེན་ནི་དོན་དངོས་ཀྱི་བང་ཆེན་རེད།

གསར་པ་འགོད་ནི་གསར་འགོད་པ་རང་རེད།

འགྲེམས་སྤེལ་བ་ཡང་འགྲེམས་སྤེལ་བ་དངོས་མ་རེད།

མཆན།

ཐུབ་བསྟན་བཀྲིས། མོན་གྷོ་བང་ཆེན་གསར་འགོད་པ་དང་འགྲེམས་སྤེལ་བ་གཅིག་ལྕོགས

བོད་ཀྱི་བང་ཆེན། བཙན་བྱོལ་ནང་གི་རང་དབང་གི་བདུན་རེའི་ཚགས་པར།

ཚགས་ པར་ཚོང་སར་ལྟ་བཞིན་སེམས་ནང་སྨྲ་མི་ཤེས་ཚོར་བ་ཞིག་གིས་རྐྱེན་བྱས་ཏེ།དེ་མ་ཐག་ ཤག་ན་ཡོང་ནས་དགུང་མོ་ཆུ་ཚོད་༡༢ སྐར་མ་༡༧ཐོག་ཞུ་དག་ཙམ་ཡང་བྱས་ཁོམ་མེད་པར་ཐད་ཀར་སྤེལ་པའོ།




88888888.mp3

བྱོན་པ་ལེགས།།

online visitor
དྲ་ཐོག་སྐུ་མགྲོན་གྲངས

དྲ་བདག               འབའ་པ་སྐལ་བཟང་འཕྲིན་ལས།

འབྲེལ་གཏུགས་ཁ་པར།          ༠༩༩༧༢༤༠༧༠༤༨

 ཁེའུ་ཁེའུ།                        891359375

ཡིག་ཟམkalsangtrinley2007@yahoo.co.in

 


[if !mso]>

གྲང་ཤུར་ཤུར་གྱི་སྐྱེ་རྒུ་མདོ།

༤ ༡༤ དོན་རྐྱེན་ཁྲོད་གཅེར་བུར་ཕྱུང་པའི་སྣོད་བཅུད་གཉིས་ལ་མྱ་ངན་ཞུ།

                                                                                       འབའ་པ་སྐལ་བཟང་འཕྲིན་ལས།

གནས་ས་འཐབ་འཁྲུག་བྱས་པའི་ཉིན་ ནག་ཉིན།།

རི་ཀླུང་ ཕྱེ་མར་འཐག་པའི་དོན་རྐྱེན་ནང་།།

སྣོད་བཅུད་གཅེར་བུར་ཕྱུང་པའི་སྐྱོ་གནས་ལ།།

ཐུགས་རྗེས་གཟིགས་པ་མ་ཆུང་ སྤྱན་རས་གཟིགས།།

 

ཁྱེད་ཀྱི་རྐང་འོག་ཚུད་པའི་སྣོད་བཅུད་ཁྲོད།།

གནམ་ས་སྟེང་འོག་བརྗེ་བའི་དུས་ ཚིགས་སུ།།

སྨུག་མདོག་ ལང་འཚོ་མཆེད་པའི་སྣོད་བཅུད་ཀྱི།།

རང་གི་གཞི་གདན་བཙན་གྱི་བརྗེ་དགོས་འཁེལ།།

 

 

ཐོལ་གྱིས་གཅེར་བུར་ཕྱུང་བའི་ཚེ་སྲོག་དག།

བྱེ་མ་ལ་ཁའི་་འཕྲེད་ལམ་ཕྲ་མོ་ ནས།།

ཤུལ་ལུས་ གཅེས་ཕྲུག་སྙིང་ནས་བསམ་བཞིན་དུ།།

དྲན་ཆེན་ཕ་མར་ཕྱི་མིག་བོར་བཞིན་དུ།།

http://www.shambalapost.com/plugins/editors/jce/tiny_mce/plugins/article/img/trans.gif

 

སྐྱེས་པའི་སྐྱེས་རྟགས་སྤྱན་རས་གཟིགས་དབང་དང་།།

ཐོབ་པའི་ལྷ་སྐལ་སྤྱན་རས་ གཟིགས་དབང་ཁྱོད།།

ངག་ནས་འབོད་ བཞིན་སྙིང་ནས་དྲན་བཞིན་དུ།།

མཐིང་ནག་ ཡུལ་དེར་ཡ་ང་འཐུང་ཆེད་སོང་།།

 

གྲང་ཤུར་ཤུར་གྱི་ལུང་ཁོག་གཅེར་བུ་དེར།།

རེ་སྐྱབས་མགོན་གནས་བོར་པའི་ སྤུན་ཟླ་ཚོའི།།

སྟོང་སངས་ སངས་ཀྱི་སེམས་པའི་བཞི་མདོ་རུ།།

དྲོད་ཀྱིས་ཁྱབ་པའི་ཁྱེད་ཉིད་བཞེངས་བཞིན་འདུག

 

མིག་ཆུས་སྐྱོར་བའི་རྒྱང་འབོད་གཉོམ་པོ་ཡི།།

ཕྱི་ནང་གཉིས་ཀས་ཁྱེད་ལ་མངོན་ ཕྱོགས་ནས།།

བདེ་སྡུག་ རེ་བ་ཁྱེད་ཀྱི་ཕྱག་བཅོལ་ནས།།

རེ་བའི་མིག་ ཟུང་ཁྱེད་ཉིད་འབེན་དུ་འཛུགས།།

 

ངང་ཚུལ་དེ་ལྟར་འདུག་པས་སྤྱན་རས་གཟིགས།།

སྤྱན་སྟོང་སྤྱན་སྟོང་སྤྱན་ ཀྱང་མི་གདེང་པའི།།

ས་སྟེང་ དམྱལ་ཁམས་བུད་པའི་སྐྱོ་གནས་ལ།།

ཐུགས་རྗེའི་སྤྱན་གྱིས་གཟིགས་ཙམ་མ་ཡིན་པར།།

 

སྒོ་གསུམ་ལག་ལེན་དངོས་ཀྱི་སྦྱོར་བ་ཡིས།།

ས་འོག་ཡ་ང་འགམ་པའི་ཚེ་སྲོག་ རྣམས།།

འཕྲེད་ཐིག་ མདུད་པ་བརྒྱ་ཡི་སྣེ་བཀྲོལ་ནས།།

ཁྱེད་ཀྱི་གམ་དུ་མྱུར་དུ་ལེན་རོགས་གྱིས།།

 

ངས་ཀྱང་ཁ་ཁོག་གཉིས་ནས་འཁོལ་བ་ཡི།།

ཁྱེད་ཀྱི་སྙིང་པོ་ཚིག་འབྲུ་ དྲུག་པོ་དེ།།

གྲང་ཤུར་ ཤུར་གྱི་སྣོད་བཅུད་གཅེར་བུ་ལ།།

སྒོ་གསུམ་ལག་ལེན་ཁྲོད་ནས་སྦྱོར་བཞིན་ཡོད།།

 

ཕམ་ཁ་ཁེ་ཁའི་གྲོགས་སུ་ལེགས་སྦྲན་ནས།།

སྡུག་བསྔལ་བདེ་བའི་རྐྱེན་གྱི་ ལམ་བསྒྱུར་ནས།།

ཞུམ་མེད་ དཔའ་སྟོབས་སྙིང་ནས་བཞུར་བཞིན་དུ།།

ཕ་ས་དེ་རུ་བཙན་འཛུལ་བྱ་རོགས་གྱིས།།

༤ ༡༤ ཆུ་ཚོད་༡ ༣༠ ཐོག་ཤར་མར་བྲིས

འབའ་ཐང་ཞེས་པའི་མིང་དོན་འཇུག་སྟངས་སྐོར་ཅུང་ཟད་ དཔྱད་པ།

 


   

འབའ་ཐང
་ཞེས་པའི་
མིང་འཇུག
་སྟངས་ཐད་
འབའ་ཐང་གི
་ལོ་རྒྱུས་ གསར
་རྙིང་ཁག་
ན་འཕགས་པ
་མ་འགག་པ་མི་
ཡི་རྣམ་པར་རོལ
་ནས་ས་དེ་གར་ཕེབས་སྐབས་སྲིད་ པའི་ལྷ་ལུག་དཀར་པོས་འབལ་ཞེས་པའི་
སྒྲ་སྒྲོག་པར་བརྟེན་འབལ་ཞེས་མིང་ཐོགས་པ་ དང་།ཕྱིས་སུ་འབའ་ཞེས་སྒྲ
་ཟུར་ཆགས་པ་ཡིན་ཚུལ་བཤད་འདུག ཡང་རྒྱ་ཡིག་ཐོག་ཡོད་པའི་འབའ་ཐང
་གི་ལོ་རྒྱུས་ཁག་ན་སྔོན་ས་གནས་དེ་འབྲོག་པའི་ ས་ཆ་ཞིག་ཡིན་པ་དང་ས་
གནས་དེར་འབྲོག་པའི་ཁྱིམ་ཚང་ཆེན་པོ་ཞིག་ཡོད
།ཉིན་ཞིག་ཆུ་ལོག་ གིས་འཇིགས་པ་བྱུང་ནས་འབྲོག་ལུག་རེ་རེ་བཞིན་འབའ་འབའ་ཞེས་སྒྲོག་ནས་ཆུ་ནང་ཐིམ་ སོང་པ་དང་།འབྲོག་པའི་ཕ་རྒན་གྱིས་རང་བུ་ཡི་མིང་ནས་ཐང་(བུ་དེའི་མིང་ལ་ཐང་ཟེར་ )ཞེས་ཡང་ཡང་བོས་པར་བརྟེན་འབའ་ཐང་ཞེས་པའི་མིང་ཐོགས་རབས་བཤད་སྲོལ་འདུག
འབའ་ཐང་ཞེས་པའི་མིང་དེ་ལུག་གི་འབའ་སྒྲ་སྒྲོག་པའི་ཐང་ཡིན་པས་འབའ
་ཐང་ཞེས་ ཐོགས་པར་བཤད་ན་ཡང་ཅུང་ཟད་འགྲིག་ཁག་སྟེ།ས་གནས་དེ
་གའི་གནམ་གཤིས་ལ་བལྟས་ན་ལུག་ འཚོ་སའི་གནས་གཏན་ནས་མིན།གཡག་
དང་ལུག་སོགས་འཚོ་སའི་གནས་དག་ནི་ངེས་པར་དུ་གནམ་ གཤིས་ཅུང་
གྲང་སའི་ས་ཆ་ཡིན་དགོས།གལ་ཏེ་གཡག་དང་ལུག་སོགས་འབའ་མཐིལ་དུ
་ཉིན་ གྲངས་བཅུ་ཕྲག་འགའ་འཚོ་སྐྱོང་བྱས་ཚེ་ལམ་སེང་ཚད་པ་ཡིས་རྐྱེན
་པས་ཤི་སྐྱོན་ འགྲོ་བར་མིག་མཐོང་ལག་ཟིན་རེད།འོན་ཀྱང་བོད་་བོད་
གངས་ཅན་པའི་ཡུལ་ལུང་གཞན་ལྟར་ འབའ་ཐང་གི་ཡུལ་ལུང་འདི་ཡང་
དང་པོ་འབྲོག་པ་ནས་རིམ་བཞིན་ཞིང་པ་ཆགས་པར་ཡིན་པའང་ གདོན་མི
་ཟ་བས་དང་ཐོག་ས་གནས་དེ་དག་ནི་འབྲོག་པ་ཞེ་གཅིག་གིས་ཁེངས་ཡོད་
ངེས་རེད་ ལ།དེ་དག་གི་འཚོ་སྐྱོང་བྱ་རྒྱུ་ཡང་ས་གཤིས་ཀྱི་བབ་ལ་བལྟས་ན་
མཛོ་དང་མཛོ་མོ་ར་ སོགས་ཡིན་ངེས་རེད། དེས་ན་ལོ་རྒྱུས་ཁག་ན་འབའ་
ཞེས་པ་དེ་གཡང་དཀར་ལུག་དང་སྲིད་པའི་ལྷ་ལུག་སོགས་ ཀྱི་འབའ་སྒྲ་ཡིན
་རབས་ཇི་ལྟར་གླེང་ན་ཡང་ས་གཤིས་ཀྱི་བབ་དང་ར་ཡིས་ཀྱང་འབའ་སྒྲ་ སྒྲོག
་ཤེས་པར་བརྟེན་འབའ་ཞེས་པའི་འབའ་སྒྲ་དེ་ར་ཡི་འབའ་སྒྲ་ཡིན་པར་ངེས
་ལ། བོད་ཀྱི་ལུགས་སྲོལ་ལ་གཡང་དཀར་ལུག་ཞེས་གཡང་ཆགས་པའི་རྟེན་དུ་
བརྩི་བ་དང་དམིགས་ བསལ་ཁ་མདོག་དཀར་པོ་ཡིན་པས་ཁ་དཀར་ཟེར་ནས་
བཀྲིས་པའི་རྫས་སུ་བརྩི་བ་སོགས་དང་། ར་ནི་ཁ་དོག་ནག་པོ་དང་སྲོལ་རྒྱུན་
གྱི་ཕྱག་ལེན་ནང་རྟེན་འབྲེལ་གྱི་རྫས་སུ་མི་ རུང་བ་སོགས་ལ་བརྟེན་ནས་འབའ
་ཐང་གི་སྒྲ་བཤད་དུས་སྲིད་པའི་ལྷ་ལུག་གིས་་འབའ་ སྒྲ་སྒྲོག་ལུགས་སོགས་ལྷ
་སྒྲུང་རིང་པོ་དེ་བཤད་པ་རེད་སྙམ།

འབའ་ཐང་ཞེས་པའི་མིང་ དེ་དྲུག་པ་ཚངས་དབྱངས་སྐབས་ནས་ཡོད་པར་

ཚངས་དབྱངས་ཀྱི་རྣམ་ཐར་ལས་ཀྱང་གསལ་ལ།མི་ མང་པོ་ཞིག་གིས་འབའ
་ཐང་ཞེས་གོ་དུས་ཐང་ཆེན་པོ་ཞིག་ཡོད་སྙམ་ཤར་པ་དང་དངོས་སུ་ བསླེབས

་དུས་དེ་འདྲའི་ཐང་ཆེན་པོ་མེད་པར་བརྟེན་ཐང་ཞེས་པའི་དེ་དགོད་ཁ་སློང་

མཁན་འདྲ་བྱུང་གི་ཡོད་ན་ཡང་།ཐང་ཟེར་བ་དེ་ལུང་པ་སོ་སོའི་བབ་ལ་བལྟས

་ནས་ངོས་ འཛིན་དང་མིང་ཐོབ་དགོས་པ་ལས་ཐང་ཆེན་པོ་རྟ་ཡི་མིག་རྒྱང་

ཆད་པ་ཞིག་ཡིན་མི་དགོས། དཔེར་ན་འབའ་མཐིལ་དང་ཉེ་བའི་ནོར་བུ་ཐང་

ཟེར་བ་ཞིག་ཡོད་ན་ཡང་དོན་དངོས་ཐོག་ཞིང་ ཁ་ཤས་གཤོངས་པའི་ས་ཆ་

ཞིག་ལས་ཐང་ཆེན་པོ་དེ་འདྲ་གང་ཡང་མིན།

དེས་ན་དེང་སང་འབའ་ ཆོས་སྡེ་དགོན་པ་ཆགས་ས་དང་རྫོང་གྲོང་ཁྱེར་ཆགས

་སའི་ས་ཆ་དེ་དག་གནའ་དུས་སུ་མཛོ་ དང་མཛོ་མོ་ར་སོགས་འཚོ་སྐྱོང་བྱ་སའི་

ཐང་སྟོང་ཞིག་ཡིན་ངེས་རེད། ར་ཁྱུ་ཡིས་འབའ་ཞེས་པའི་སྒྲ་མང་པོར་སྒྲོག་པར

་བརྟེན་མིང་འབའ་ཐང་ཞེས་པའི་མིང་ དེ་ཐོགས་སྲིད་པ་ཡིན་ནོ།

སྔོན་དུས་རྒྱ་ནག་གི་ལོ་རྒྱུས་ནང་འབའ་ཐང་གི་མིང་ལ་巴安འབོད་པ་དང་དེ
འི་དོན་ འབའ་ཞེས་པའི་སྒྲ་དེ་བོད་གདངས་སོ་བཞག་དང་།
ནི་བདེ་མོ་

ཡི་དོན་ཡིན་པས་ཐང་ཞེས་པ་
དེ་སྤངས་བདེ་མོ་ཞིག་ གི་དོན་ཡིན་པའི་རྟགས་རེད།ལྷག་པར་དུ་ཡོངས་གྲགས
་སུ་འབའ་སྡེ་མངའ་རིས་ཞིང་ཁམས་ ཞེས་གྲགས་པ་དེ་ཡང་མི་མང་པོས་འབའ
་སྡེ་བས་དབང་བསྒྱུར་བྱེད་པའི་སྐབས་ཀྱི་ཐ་ སྙད་ཅིག་ལ་ངོས་འཛིན་གྱི་དེང
་སང་འབའ་སྡེ་ཞེས་ཡོངས་གྲགས་ལྟ་བུ་བྲིས་འདུག་ན་ ཡང་། ཁོ་བོས་བསམ་
ཚུལ་ལྟར་ན་འབའ་ཐང་ཞེས་པའི་མིང་བྱུང་དུས་ནས་འབའ་བདེ་ཞེས་པའི་
མིང་ དེ་བྱུང་ཚར་པ་འདོད།གང་ཡིན་ཟེར་ན་ཐང་བདེ་མོ་ཡིན་པས་བདེ་
ཞེས་བྲིས་དགོས་པ་འདྲ་ སྟེ་དེ་ལྟར་མིན་ན་རྒྱ་ཡིག་དང་རྒྱ་སྐད་བྱང་ཆུབ
་པའི་མི་ཡིས་ཁེངས་པའི་ལུང་དེར་ དེརང་ཡུལ་གྱི་་མིང་ལ་རྒྱ་སྐད་ཐོག
་ཐོགས་
巴安ཐོགས་པར་དོན་མེད་ལ་མིང་དོན་བསྒྱུར་སྟངས་ནོར
་ཡང་མི་ སྲིད་དོ།

 



ཁ་བ་བབས་པའི་རྗེས་ལ།། ཁ་ཤུལ་ཉི་མ་དྲོ་བྱུང་།།
ཁ་བ་བབས་པའི་རྗེས་ལ།།ཁ་ཤུལ་ཉི་དྲོ་བྱུང་།ཟེར་བའི་གནའ་མི་ཡི་གཏམ་དཔེ་དེ་ཅི་མི་བདེན།ཉིན་མཚན་བསྟུན་མར་ཁ་བའི་མལ་གོས་ཁྲོད་དུ་གཟིམ་པའི་དྷ་སའི་རི་གྲོང་ཡང་།དེ་རིང་སེར་ལམ་ལམ་གྱི་ཉི་ངོགས་སུ་སྤྲོ་མདངས་ཤིག་མངོན་བཞིན་འགྱིང་འདུག།
སློབ་གྲྭ་བུ་མོ་ཚོ་བདག་པོ་སྤྲོད་མཁན་གྲྭ་བ་ཡིན་དགོས་
དེང་སྐབས་ནི་སློབ་གྲ་འཛིན་གྲ་བཅུ་གཅིག་བཅུ་གཉིས་རྣམས་གུང་གསེང་དུ་ཡོང་པའི་དུ་ཚོད་རེད། གཞིས་གྲོང་ཁག་དང་རྒྱ་ལམ་དག་ན་གྲྭ་བ་རེས་སློབ་གྲྭ་བུ་མོ་རེ་རེའམ་གཉིས་རེ་ཡར་མར་འཁྲིད་ནས་འགྲོ་གིན་འདུག
རྣམ་གྲོལ་གླིང་ནས་འཆམ་ར་དྲན་པ།་
མདོ་སྔགས་རིགས་པའི་མེ་རླབས་འཕྱུར་པ་ཡི།། རྣམ་གྲོལ་གླིང་ཞེས་མིང་དོན་གཉིས་མཚུངས་ ཀྱི།། ཆོས་ཀྱི་གྲོང་སྡེ་ཆེན་པོར་མཇལ་པའི་ཕྱིར།། ཕྲན་དང་བེར་ཕྲུག་འབའ་འཆི་འགྲོགས་ནས་ སོང་།།

བདག་གིས་བྲིས་པའི་དཔེ་དེབ་གསར་པ་བྲང་གཞུང་གི་ང་རོ


འབའ་པ་སྐལ་བཟང་འཕྲིན་ལས་ཀྱི་སྙན་ངག་དཔེ་དེབ།






                བདག་གི་རྩོམ་ཡིག་གསར་ཤོས།

                              དཔར་རྗེས།  

ཤོག་ངོས་གསལ་བའི་ངོ་གདོང་འཛམ་དམུལ་ཅན།།

གང་ཞིག་རྗེན་པ་འཕོས་པའི་བརྙན་རིས་ཡིན།།

གནམ་འོག་དཔར་རིས་འཐུང་པའི་སྲོག་ལྡན་ཚོས།།

གནམ་གྱི་རྒན་མོའི་བྲང་ཁར་ཤུགས་ཀྱིས་བརྡུང་།།

 


ངོ་གདོང་ཉི་མའི་བྲང་ངོས་སྦྱར་འདོད་ཀྱིས།།

མཐའ་མེད་རྒྱ་མཚོ་ཤུགས་ཀྱིས་བཏུང་ན་ཡང་།།

བྱེ་ངོས་རྐང་རྗེས་རླུང་གིས་གཏོར་ཤུགས་ཀྱིས།།

རང་ངོ་རྨང་ནས་བཤིག་པའི་ཐན་རྟགས་ཐོན།།

 

 

བཤིག་ཤུལ་ཐལ་རྡུལ་འཚུབ་པའི་རི་མདོ་ནས།།

རང་ནོར་བོར་བརླག་སོང་པའི་ཚོང་དཔོན་བཞིན།།

རྐང་ཟུང་ནམ་མཁའ་གཏོར་པའི་རྨི་ལམ་ཅན།།

བོར་པའི་ཚོར་ཤུགས་འགོག་མེད་སྙིང་ནས་འཕྱུར།།

 

དཔར་ངོས་རང་དཔར་སྦྱར་པའི་འདུ་འཛིང་གིས།།

རྗེན་པའི་འཇིག་རྟེན་དྲན་རྟེན་འདྲ་སྐུར་བཞེངས།།

འདྲ་སྐུ་འཚང་ཁ་རྒོད་པའི་མིག་ངོགས་ན།།

ཡོད་ཚད་ནག་འཐོམས་སོང་པའི་མུན་ནག་གྱུར།།

 

སྣང་བ་གླེང་མི་ཚར་པའི་སྤང་ཐང་སྟེང་།།

མུན་པས་མུན་པར་འཐུད་པའི་གཏམ་གསོན་པོས།།

བར་ཐག་དབང་པའི་གཏམ་དེ་མི་འདོད་ཀྱང་།།

འཁོར་ལོ་འཁོར་སྟངས་དེ་ཡིས་དབང་མེད་བསྟན།།

 

མིག་ཟུང་ནམ་མཁར་ཕྱོགས་པའི་ཞོགས་པ་ནས།།

བྲང་གཞུང་རྗེན་པ་གཏད་པའི་སེམས་བསྐྱེད་ཀྱིས།།

སླད་མེད་གསེར་ལོ་འབར་པའི་དག་ཞིང་ན།།

ད་གཟོད་གླུ་རུ་བཞེངས་པའི་སྤོབས་པ་རྙེད།།

 

རླུང་བུས་ནམ་མཁར་བཀྱགས་པའི་གླེང་གཞི་ཡིས།།

དཔར་རིས་རྗེན་པར་སེམས་པའི་རྨི་ལམ་སྦྲུམ།།

རྨི་ལམ་རྨི་ལམ་ཤེས་པའི་ཞོགས་པ་ནས།།

རང་ཉིད་དཔར་རྗེས་འཚོལ་པའི་ངལ་བར་བསྟེན།།

 

དཔར་རྗེས་ཨུ་ཚུགས་འཐུང་པའི་འཁོར་ལོ་ཡིས།།

རང་ཉིད་རྗེན་པའི་ལམ་ནས་ཕྱིར་ཕྱུང་ནས།།

རྗེན་པ་ཡེ་ནས་བྲལ་བའི་དགུན་གཞུང་ན།།

རང་ཉིད་དཔར་རྗེས་ཅིག་གི་སར་བསྐྱལ་ཡོང་།

འཆམ་ར་བ་རྒས་འདུག

<< དོན་བརྗོད་སྒྲུང་ཐུང་།>>

དབྱར་གྱི་ལང

་ཚོ་རླུང་གིས་དེད་ཅིང་རྩ་ལྡུམ་གྱི་ཤུལ་ལས་མེད་པའི་ཤམྦྷ་ལ་དེ་རྟོགས་བརྗོད

་ཀྱི་དེབ་ཐེར་བར་ན་འགུལ་ བཞིན་པའི་ཤམྦྷ་ལ་ལས་ལེ་བ་སྟོང་ཕྲག་དུ་མས་

ཆོད་འདུག གནས་འདི་ན་ངེས་འབྱུང་རྣལ་མ་ཞིག་སྐྱེས་ནས་བྱ་བ་ཡོད་ཚད་

གཏང་རྒྱུའི་ཆོད་སེམས་ ཐེངས་འགའ་སྐྱེས་ན་ཡང་།སྦས་མི་ཐུབ་པའི་ཞེན་ཆ

གས་དེས་རང་དབང་མེད་པར་གནས་འདི་ན་ ཡང་ཡང་འཁོར་བཅུག་གིན་

འདུག་ལ། ད་ཐེངས་ཀྱང་གང་བསམ་འདི་དྲན་མེད་པར་ཤམྦྷ་ལའི་གྲོང་

མཐའ་ན་བསླེབས་འདུག

ཤམྦྷ་ ལའི་གྲོང་མཐའ་ནས་ཅེར་དུས་ཐོག་མར་མིག་སྔ་ན་མངོན་པ་ནི་རིགས

་ལྡན་རྒྱལ་བོའི་ཕོ་ བྲང་རེད།ཕོ་བྲང་ལ་སྔོན་ཆད་ལྟར་གསེར་མདངས་ཡལ་

འདུག་ལ།ཆར་ཆུས་སྦངས་དྲགས་ནས་ གྱང་རྩིབས་ཡོད་ཚད་སྐྱ་ཧྲེང་ངེར་

གནས་འདུག གྲོང་པའི་དཀྱིལ་ན་ཉེན་རྟོག་པ་དང་ཁྲིམས་ཞིབ་ཁང་། དམག

་དཔོན་སོགས་དྲག་དམག་དང་བདེ་སྲུང་ལས་མི་དུ་མ་འགྲེམ་འཇོག་བྱས་

ལུགས་ལ་བལྟས་ ན་དེང་རབས་ཀྱི་དཔལ་ཡོན་ལྡན་ཞིང་སྒྲིག་བཀོད་ལེགས་

པའི་དག་ཞིང་གི་གྲོང་ཁྱེར་ དེར་དེང་སང་རྐུན་ཇག་དང་གཡོ་ཁྲམ་ཅན་

མང་པོས་ཁེངས་་ནས་ལྷིང་འཇགས་གཏན་ནས་མེད་པ་ འདྲ།

སྔོན་དུས་སུ་འདྲིས་གཤིབ་ཟབ་པའི་གྲོགས་པོ་ཚོ་ཡང་གཏན་ནས་ཡལ་ཚར་

འདུག་པས་ལམ་བར་ངོ་ཤེས་པའི་མི་གཅིག་ཀྱང་མ་ཐུག

རིང་ ནས་ཡིད་ལ་བརྣགས་པའི་རེ་སྨོན་དེ་ཡང་བསྐྱར་ཐེངས་ཞིག་སྐྱོར་ནས

་གང་འདྲ་འགྲོ་ མིན་མི་ཤེས་པར་རིགས་ལྡན་ཚང་གི་སྒོ་འགྲམ་ན་སླེབས་ཚར

་འདུག ལམ་སྲོལ་བཞིན་དཔའ་རྟུལ་ཅོ་རི་ཚང་སྒོ་རྡུང་པར་སོང་། ཅོ་རི་བས་

དམག་ལྭ་ཞིག་རྒྱབ་གྱོན་བྱེད་བཞིན་ལག་ཟུང་གིས་གོ་ལ་བསྐོར་བཞིན་གསར་

པའི་འཚོལ་ཞིབ་ནི་མི་བུའི་བརྒལ་མཆོངས་ཡིན་ཟེར་ནས་ང་ལ་ཁ་ཡ་བྱེད་

པའི་དུས་ཁོམ་ ཡང་མི་འདུག་པས་ངས་ཁོ་ཡི་བྱ་བ་ལ་གནོད་བསྐྱལ་དོགས་

ཀྱིས་སྒོ་ནས་ཕྱིར་ཐོན།

ཁྲིམས་ དཔོན་ཆེན་པོ་ཚང་གི་ནང་ན་སོང་། ཁྱིམ་སྒོ་ནང་འཛུལ་མ་ཐག་

མིག་ལམ་ན་མངོན་པའི་ཤིང་གི་ཐོ་ལ་ཡང་ས་རྡུལ་གྱིས་ཁེངས་ འདུག་ལ།གྱང་

ངོས་ན་ཀེར་པའི་བཅད་ཁྲ་ཡི་སྦྱར་པང་ན་༢༠༠༩ལོ་ནས་ཟླ་༡༢་ཚེས་༢༢་

མན་ གྱི་བཅད་ཁྲ་གཏན་ནས་བཀོད་མི་འདུག ཡ་མཚན་པ་ཞིག་ལ་ཁྲིམས་

དཔོན་བེ་རི་བས་ངལ་བརྩོན་པའི་ཆས་གོས་དཀྱུས་མ་ཞིག་གྱོན་ ནས་ཀོ་བ་

མཉེད་ནས་བསྡད་འདུག ང་མཐོང་མ་ཐག་མིག་ཟུང་བཙུམ་ནས་ཟང་ཟིང་ནས

་རྙེད་པའི་དག་ཞིང་མེད་ཅེས་ཡང་ཡང་ བགྲངས་ནས་བཞུགས་སོང་། ངས་

ཁྱེད་ཁྲིམས་དཔོན་གྱི་ལས་གནས་ནས་ཇི་ལྟར་བཤོལ་མིན་དྲིས་ཀྱང་སྔར་བཞིན

སྐྱོར་ནས་བསྡད་ལས་ལན་ཚིག་གཅིག་ཀྱང་སྐྱོན་གིན་མི་འདུག་པས་ང་ཕྱིར་

མི་ཐོན་ཀ་ མེད་བྱུང་།

ཡང་ ལྕོག་རི་ཚང་གི་སྦྲ་ནག་འགྲམ་ན་སོང་ཡང་སྦྲ་ཡི་གོང་ཁ་ཡོད་ཚད་ཟད

་འདུག་ལུགས་ལ་ བལྟས་ནམི་ཡོད་ཚད་སྔ་ས་ནས་སྤོས་ཟིན་པར་ཤེས་སོང་།

ནམ་རྒྱུན་རྒན་པོ་ཕུར་བུས་ལུས་དང་གཏན་ནས་བྲལ་སྲོལ་མེད་པའི་གློ་གྲི་དེ

་ཡང་ སྦྲ་ཡི་སྒོ་ན་གཡུག་འདུག ད་དུང་སྦྲ་ཁ་ནས་སྐྲ་ལོ་ཚོམ་བུ་ཞིག་ཀྱང་རྙེད་

སོང་བས་ད་ནས་རྒན་པོ་དེས་རི་ དྭགས་རྒྱག་རྒྱག་གིས་ངེས་འབྱུང་གློ་བུར་བས་རྐྱེན་བྱས་ཏེ་གནས་གང་ཞིག་ཏུ་བྱ་ བྲལ་ལ་ཕེབས་པ་མིན་ནམ།?

དཔའ་རྟུལ་བྲག་སྐམ་དང་འབའ་འཆི་གཉིས་སྔར་བཞིན་ནོར་ལུག་གི་ཁྲོད་ན་སྐྱོ་ཉམས་ འདྲེས་པའི་གླུ་རེ་ལེན་བཞིན་རི་མགོ་ནས་རྟ་རེ་གཞོན་ནས་འགྲོ་སོང་། ང་མཐོང་མ་ཉིད་ནས་ལག་པ་གཡུག་གཡུག་བྱེད་བཞིན་མིང་ནས་འབོད་ཀྱིན་འདུག དགུང་མོར་ནང་ན་མར་ཤོག་ཟེར་གིན་འདུག

མི་ ནག་ཚང་གི་ཁང་སྟེང་ན་དར་ལྕོག་སྔར་བཞིན་འཛུགས་འདུག་ལ།དར

་ལྕེ་ཡོད་ཚད་གསར་པ་ རེད་འདུག དུ་བ་སྔོ་ལོང་ལོང་འཕྱུར་བཞིན་བསང་

གསོལ་བྱེད་བཞིན་འདུག རྒན་པོ་བློ་བརྟན་ཀོ་བའི་སྟོད་ཐུང་ཞིག་གྱོན་ནས

་སྒོ་ཁ་ནས་ར་མ་གསུམ་དེད་ནས་མར་ ཡོང་བཞིན་འདུག ང་མཐོང་མ་ཐག་


འཚམས་འདྲི་བྱ་རྒྱུ་ཕར་ཞོག་ཁོ་ཡི་ར་མ་བཟང་རབས་དང་ང་ལ་ཉོ་དགོས་

ཚུལ་དང་།ནང་ཚགས་བྱས་ནས་རིན་གོང་ཏོག་ཕབ་ཆོག་ཟེར། ངས་ཁོ་ཡི་སྐད

་ཆ་ལ་ལན་གྱི་ཚབ་ཏུ་དག་ཞིང་གི་དར་རྒུད་ཀྱི་འགག་རྩ་གླེང་མ་ཐག་ཁོས་

ང་ལ་ཁོམ་པ་མེད། ཁོམ་པ་མེད།དེ་རིང་ཐུགས་སྤྲོ་ཡོད་ཟེར་ཞོར་ཕྱིར་བལྟས་

བྱེད་གིན་དོགས་མི་བདེའི་ ངང་ནས་ཕྱིན་ཐལ།

ནགས་ མཚམས་སྤང་མཚམས་ན་ཁེར་རྐྱང་ངང་གནས་པའི་བོད་དུང་ཚང་གི

་བསྒྲགས་གཏམ་གྱི་སྒོ་ བྱང་ནང་དུ་བསྡུས་འདུག་པས་ངས་སྐད་ཤུགས་གང་

ཡོད་བོད་དུང་མིང་ནས་འབོད། འབོད་ཐེངས་རེ་རེ་ལ་སྒོ་ཁྱི་ནག་པོ་དེ་ཡིས

་ཟུག་རྔུ་ཐེངས་རེ་བྱེད་གིན་འདུག   ཐ་མར་ཨ་ལན་གྱི་ཚབ་ཏུ་སྒེའུ་ཁུང་ནས

་ཤོག་བུ་ཞིག་སྟེས་དབང་གི་ང་ཡི་ལག་ན་ཟགས་ སོང་། ཤོག་སྟོང་ནི་ཤོག་

སྟོང་རང་རེད། ང་ལ་དགོས་པའི་ཨ་ལན་གཏན་ནས་མི་སྟེར་ན་ཡང་།ཤོག་བུ་

དེས་ཤོག་སྟོང་ཡིན་པའི་ འགྲེལ་བརྗོད་རང་ཆས་སུ་ཡོད་པ་དེ་བོད་དུང་གི

་ང་སྤྲད་པའི་ལན་དེ་ཡིན་པ་འདྲ།

དེ་ ནས་ཚོང་དཔོན་ལི་སྨྱོན་ཚང་ཁ་སྔོན་རྒྱ་ནག་ནས་ཚོང་ཟོག་དབོར་ནས་

ཡོང་དུས་ལམ་བར་ ཉེན་རྟོག་དང་འཁྲུག་འཛིང་ཤོར་ནས་འབའ་དང་ལི་ཐང

་གཉིས་ཀྱི་མཚམས་ན་དཀར་ནག་དྭངས་ སྙིགས་ཕྱེ་བཞིན་ཡོད་འདུག་པས་

ནང་ན་མི་འདུག

ཨོ་་་་ ཁ་ ལོ་བ་སངས་རྒྱས་གར་སོང་དང་གང་བྱས་ཁྱེད་ཚོ་ལ་འགྲེལ་བརྗོད་

བྱ་རྒྱུར་ལྷག་འདུག  ཁོང་གིས་ཕག་ཤ་ཀི་ལོ་༨༠༠བཟས་རྗེས་གཉིད་ལོག་ནས་

ཟླ་བ་དྲུག་ཕྱིན་འདུག་ཀྱང་ད་དུང་སུ་གང་གིས་ཡར་བསླངས་ཐུབ་མི་འདུག

ཛཟེར།ཁོ་ཡི་ཁང་པ་ལ་གཉིད་ཀྱི་གླིང་ཁ་ཞེས་སྒོ་བྱང་ཀེར་འདུག མགོ་ སེར་ཁྱུ

་དང་ཁྱུ་ལྟད་མོར་བལྟས་པར་ཡོང་གི་འདུག   དཔར་དང་ལོ་རྒྱུས་དག་རྒྱལ་

ཁབ་ཀྱི་བརྙན་འཕྲིན་ན་ཡོངས་ཁྱབ་ཀྱི་ཕྱིར་བསྒྲགས་ བྱེད་བཞིན་འདུག

དམག་སྤྱི་ཨ་ཀ་ཚང་ཁང་པ་བསྲུང་ནས་ལོ་དུ་མར་གནས་འདི་ན་ཨུ་ཚུགས་

ཀྱིས་བཞུགས་ཀྱང་།ཉེ་ཆར་ཁོ་ཚང་གི་ཕ་བསད་མཁན་ལག་དམར་དེ་ཚོས་ཁོ

་ཡི་ཕ་རྒན་གྱི་ཚོང་ཟོག་རྣམས་དངོས་གསལ་དོད་པོར་ཁྲོམ་ན་བཙོང་གིན་

པའི་གཏམ་དེ་ཐོས་རྗེས་བཟོད་ཐབས་བྲལ་ནས་ནང་ཟོག་ ཡོད་ཚད་བཙོང་

སྟེ།གོ་རིང་ཐུང་གཉིས་ཉོས་ནས་དེང་སྐབས་དགྲ་ཡ་ཚང་དང་ཁྱེད་ཤི་ང་

གསོན་གྱིས་དམག་འཐབ་བྱེད་བཞིན་ཡོད་རབས་འདུག ཁང་ཐོག་ན་བྱིས

་པ་གཉིས་དེད་རེས་བྱེད་བཞིན་འདུག་པ་ལས་ཁོ་རང་གི་གྲིབ་ནག་ཙམ་

ཡང་མཐོང་གི་མི་འདུག

དེ་
ནས་ང་ཤར་མར་རྒྱལ་ཁང་ནང་འཛུལ་ནས་སོང་། རྒྱལ་ཁང་གི་ཕྱི་ནང་

གཉིས་ཀ་ས་རྡུལ་གྱིས་ ཁེངས་འདུག ང་ཡི་རྐང་རྗེས་རེ་རེ་བཞིན་ཤོག་ངོས་

ན་ཕབ་པ་བཞིན་དཔར་ཡོང་གི་འདུག ་ང་ཡི་མིག་མདའ་ཐོག་མར་འཕང་

སའི་རྒྱལ་བོའི་བཞུགས་ཁྲིམས་སྟེང་ན་ཤོག་བུ་ཞིག་བཞག་འདུག་པ་དེ་རིག

་བྱུང་།ངས་ལམ་སེང་རྒྱུག་ཐེངས་ཤིག་གིས་ཤོག་བུ་ཚུར་ལེན་ནས་བལྟས་པས་

ཡ་མ་ཟུང་གི་སྐད་ཆ་འདི་ལྟར་འཁོད་འདུག ཤམྦྷ་ལ།གཙང་སྦྲ། ཁོར་ཡུག་སྲུང་

སྐྱོབ་་་་་་་་་་་་་ཨོ་་་་་ཤུ་ཤུ ་་་་་་་་་་་་་་་་་་ད་ནས་རི་རྒྱབ་རྡོ་འོག་ན་ང་ཡི་

འདེམས་ཁ་ཡིན་ཞེས་འཁོད་འདུག

ངས་ཡི་གེ་བཀླགས་རྗེས་མདའ་འཕངས་པ་ལྟར་རི་རྒྱབ་ཀྱི་བྲག་ཕུག་ན་སོང་།


བྲག་ཕུག་སྒོ་ཁ་ནས་འདོན་པའི་སྒྲ་ལྕི་མོ་ཞིག་རྣ་བར་འཛུལ་སོང་།ནང་ན་སླེབ་

ནས་བལྟས་དུས་རྒན་ཕོ་མགོ་དཀར་ཞིག་གིས་ཁ་ནས་ཧུམ་ཧུམ་ཕཊ་་ཁ་མུར་

མུར་གྱི་སྐྱོར་བཞིན་འདུག ངོ་གདོང་དེ་ནི་ང་ལ་ཆ་རྒྱུས་ཡོད་པའི་ངོ་གདོང་ཞིག

་རེད། སྐབས་དེར་ང་ཡི་ཁ་ནས་རང་དབང་མེད་པར་འཆམ་ར་བ་རྒས་འདུག

འཆམ་ར་བ་རྒས་འདུག་ཞེས་དབང་མེད་ཤོར་སོང་།

''་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་




བོད་མའི་སེམས་སུ་ཏྰ་ལའི་བླ་མ་ཇི་ལྟར་གནས་ཡོད་པ་ཡིན་ནམ་ཡོད་པ་

ཡིན་ནམ།   

འོད་ཟེར་གྱིས་བརྩམས།   

འབའ་པ་སྐལ་བཟང་འཕྲིན་ལས་ཀྱིསབསྒྱུར                                                                                                                                                                                                                                    

ཨེ་ ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་གཙོ་སྐྱོང་བ་ལྕམ

་བེ་མིང་གིས་ཉེ་ཆར་ང་འབོད་འགུག་གིས་ཆེད་དུ་བཅར་འདྲི་འགའ་བྱས་

བྱུང་།འབུར་དུ་ཐོན་པའི་དྲི་བ་ཞིག་འདོན་པ་དེ་ནི་ཏྰ་ལའི་བླ་མ་བོད་མའི

སེམས་སུ་ཇི་འདྲ་གནས་ཡོད་པ་ཡིན་ནམ།དེའི་ཟབ་ཚད་གང་འདྲ་ཡིན

ནམ་ཟེར་བ་དག་རེད།

   དེ་ནས་ངས་གཏམ་རྒྱུད་ཅིག་བཤད་པ་ཡིན།༢༠༠༦ལོར་ཚེས་མ་ཐག་གོང་

ས་ཏྰ་ལའི་བླ་མ་མཆོག་གིས་སྟོན་པ་སངས་རྒྱས་ཀྱིས་ཆོས་འཁོར་བསྐོར་

ཡུལ་གྱི་བྱང་ཆུབལྗོན་ཤིང་འོག་ཏུ་ དུས་འཁོར་དབང་ཆེན་གྱི་བཀའ་དབང

་གནང་སྐབས་སུ།བོད་ཀྱི་ས་ཆ་གང་སར་རིན་གོང་ཆེ་ ཞིང་སྟོངས་ལ་ཉེ་བའི

་གཅན་གཟན་ལྤགས་རིགས་ཉོ་ཚོང་དང་རྒྱན་གོས་བྱས་པའི་ཐད་ནན་ ཏན

་སྒོ་ནས་གསུང་དོན་་ཁྱོད་ཚོས་འདི་ལྟར་བྱས་ན་ང་ཏྰ་ལའི་བླ་མ་ངོ་ཚ་གིན་

འདུག རྒྱལ་སྤྱི་ཡི་སྡིངས་ཆ་སྟེང་བོད་མི་རིགས་ལཆེད་དུ་མིང་ངན་བཟོས་

ཀྱི་འདུག གཏན་ནས་ཡག་པོ་མ་རེད།ངེས་པར་དུ་མཚམས་འཇོག་བྱེད་

དགོས་ཀྱིན་འདུག་ཅེས་གསུངས།

     གསུང་བཤད་དེ་བོད་ཀྱི་ས་ཁུལ་གང་སར་ཁྱབ་རྗེས།བོད་མི་དམངས་

ཁྲོད་དུ་རང་འགུལ་ཐོག་ནས་ འགུལ་སྐྱོད་བརྒྱབ་སོང་།བོད་མི་ཁྲི་སྟོང་མང

་པོས་རིན་གོང་ཆེ་བའི་སྟག་གཟིག་གི་ པགས་པའི་རྒྱན་གོས་ཡོད་ཚད་མི་

ནང་དུ་བསྲེགས་ཐལ། དེའི་སྐབས་སུ་གུང་ཁྲན་ཏང་གི་ལས་བྱེད་རྣམས་ཁོང

་ཁྲོ་མེ་ལྟར་འབར་ཏེ་ལག་པས་མདུན་ལྕོག་གང་ཁྲག་སྒྲ་དང་བཅས་རྒྱོབ་

བཞིན། ང་ཚོས་ལྤགས་རིགས་བསྡུས་མེད།མེ་རུ་བསྲེགས་པའི་ཁྲལ་ཡང་

བཏང་མེད།འོན་ཀྱང་ཁོ་ཚོསཏྰ་ལའི་བླ་མའི་སྐད་ཆ་ཚིག་གཅིག་གིས་

རང་འགུལ་གྱི་ཐོག་ནས་རིན་ཐང་ཆེ་བའི་པགས་རིགས་ཡོངས་རྫོགས་

མེ་རུ་སྲེག་པ་རེད་ཅེས་སྐད་ཅོ་བརྒྱབ།ད་དུང་ཛ་དྲག་གི་ ཡིག་ཆ་དམར་པོ

་ཅན་ནང་དུ་ཏྰ་ལའི་བླ་མའི་ལག་ནས་བོད་དམངས་ཀྱི་སེམས་པ་ཚུར་ལེན་

ཐབས་བྱ་དགོས་ཞེས་འཁོད་འདུག ཡང་བློ་ཐབས་གཞན་ཞིག་ནི་ལྤགས་

རིགས་མེ་རུ་བསྲེག་མི་ཆོག་པ་དང་དུས་ཆེན་སོགས་ ཀྱི་སྐབས་སུ་ངེས་པར

་དུ་གྱོན་དགོས་ཟེར།སྐད་ཆ་དེ་རྔ་ཆེན་རྡུང་པ་ལྟར་གང་སར་ ཁྱབ་ཀྱང་།

བོད་མི་ཚོས་ལྤགས་རིགས་རྒྱན་གོས་གཏན་ནས་མི་གྱོན་པ་མ་ཟད།རྒྱན་གོས

གྱོན་མི་གྱོན་ནི་ཚུལ་མཐུན་དང་ཚུལ་མཐུན་མིན་པའི་དབྱེ་བ་འབྱེད་བྱེད་

དུ་གྱུར། བོད་ཀྱི་དམངས་ཁྲོད་ཀྱི་དུས་ཆེན་མཛད་སྒོ་སར་པགས་རིགས་རྒྱན

་གོས་གྱོན་མཁན་གཏན་ ནས་མེད།འོན་ཀྱང་རྒྱ་གཞུངགིས་བཀོད་སྒྲིག་བྱས

་པའི་དུས་ཆེན་སྐབས་སུ་རྒྱན་གོས་ ངེས་པར་དུ་གྱོན་དགོས་པའིོ་སྒྲིག་སྲོལ་

གཏན་འབེབས་བྱས་པ་མ་ཟད།པགས་རིགས་མི་ གྱོན་པ་ཚོ་ལ་ཉེས་ཆད་

ཀྱང་ཆེན་པོ་གཅོག་གིན་ཡོད།

  མུ་མཐུད་ནས་འགོད་རྒྱུ་ཡིན་་་་་་་་་་་་་་་་་་་་་་་་་་་་་་་་

འབྲེལ་གཏུགས་ཁ་པར།          ༠༩༩༧༢༤༠༧༠༤༨

 ཁེའུ་ཁེའུ།                        891359375

ཡིག་ཟམkalsangtrinley2007@yahoo.co.in

 

༢༠༡༠ལོའིདགེ་ལུགས་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་གཤམ་གྱི་དྲ་གནས་ཐོག་ཤེས་རྟོགས་ཐུབ།

དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་དྲ་ངོས་གཟིགས་འདོད་ན་འདིར་གནོན།

            



གཤམ་གྱིམཛའ་འབྲེལ་དྲྭ་ལམ་ཁག་ལ་གཟིགས་རོགས་

 མཛའ་འབྲེལ་དྲ་ལམ  མཛའ་འབྲེལ་དྲ་ལམ  མཛའ་འབྲེལ་དྲ་ལམ  མཛའ་འབྲེལ་དྲ་ལམ  མཛའ་འབྲེལ་དྲ་ལམ

དྲ་རྒྱ་བཟོ་སྒྲིག་པ་བོད་ལ་དགའ་བའི་བུQQ:505075423

 

This free website was made using Yola.

No HTML skills required. Build your website in minutes.

Go to www.yola.com and sign up today!

Make a free website with Yola